དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • སེམས་ཀྱི་བདག་མོ།

    མེ་ཆར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-14

    ཟླ་བ་སྒོར་སྒོར་ཨ་མའི་ཞལ་རས་དེ་ཡིན་ན། །

    ཉི་ཟེར་དྲོན་མོ་ཨ་མའི་བྱམས་བརྩེ་དེ་ཡིན་ན། །

    སྐར་མ་ཁྲ་ཚོམ་ཨ་མའི་འཛུམ་མདངས་དེ་ཡིན་ན། །

    ནམ་མཁའ་སྟོང་པ་ཁོ་མོའི་ནང་སེམས་དེ་ལོས་ཡིན། །

    སྐྱིད་སྡུག་འཚོ་བ་བསྟར་བའི་གྲུ་ཟུར་དེའི་མཐའ་ན། །

    དྲན་པའི་མེ་ལོང་ནང་གི་གཟིམས་མེད་ཀྱི་འོད་ཆེན། །

    བརྩེ་བའི་ཁ་དོག་འགྱུར་མེད་གངས་རི་ཡི་རང་མདངས། །

    གཏན་དུ་ཡིད་ངོར་འཆར་བའི་བྱམས་ལྡན་གྱི་ཨ་མ། །

    ནང་སེམས་དགའ་སྐྱོ་འཐབ་པའི་འཇིག་རྟེན་གྱི་གནས་ནས། །

    བརྩེ་བའི་རླབས་ཕྲེང་དྭངས་མ་བུ་ཕྲུག་ལ་གནང་བའི། །

    དྲིན་ཆེན་ཨ་མའི་སྐུ་གཟུགས་པད་དཀར་གྱི་སྡོང་པོ། །

    དཀའ་སྡུག་འཁོར་བའི་རྔུལ་ཆུའི་རྒྱུན་ཐག་གིས་བྲན་ཡོད། །

    བུ་ཕྲུག་གང་དུ་སོང་ཡང་མིག་ཟུང་གིས་འཚོས་ཤིང་། །

    རོ་མཆོག་ཟས་ཀྱི་དྭངས་མ་བུ་ཕྲུག་ལ་སྦྱིན་མཁན། །

    དལ་འབྱོར་ལུས་རྟེན་གནང་མཁན་བརྩེ་ཆེན་གྱི་བདག་མོ། །

    ལས་དབང་ཟབ་མོས་སྦྲེལ་བའི་སྐྱེ་ལུས་འདིའི་ཡུམ་ཆེན། །

    འཇིག་རྟེན་སྲིད་པའི་ཁམས་སུ་འཇམ་པོ་ཡི་ཕྱག་ཟུང་། །

    ཆུང་ནས་བརྩེ་བའི་དྲོད་ཁོལ་ཡལ་མེད་དུ་བསྐྱངས་ཤིང་། །

    རང་སྲོག་བུ་དང་བརྗེ་བའི་གཏོང་ཕོད་ཀྱི་དཔའ་མོ། །

    ཨ་མ་བྱམས་ལྡན་མ་ལོའི་བཀའ་དྲིན་དེ་དྲན་ཡོང་། །

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།