དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • འབྲོག་པའི་བུ་མོ།

    མཐོ་འབྲིང་སློབ་མ། ཨ་བུ་ཚེ་རིང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-14

    ཆུ་འཛིན་ལང་ལོང་འཁྲིགས་པའི་རྫ་འདབས་སུ། །

    འུར་རྡོ་དགུང་ལ་འཕྱར་བའི་གཤིས་བཟང་མ། །

    རྫི་གླུ་ངག་ལ་ལེན་པའི་དབྱངས་ཅན་མ། །

    འབྲོག་པའི་བུ་མོ་ཁུ་བྱུག་སྔོན་མོ་ཡིན། །

    ཆུ་ཕྲན་གྱ་གྱུར་བཞུར་བའི་ཆུ་གཞུང་དུ། །

    ཆུ་ཟོམ་སྐེད་ལ་ཁུར་བའི་ལུས་ཕྲ་མ། །

    ནོར་ཕྱུགས་སྒོ་ཁར་བཀྲམ་པའི་ཡིད་འོང་མ། །

    འབྲོག་པའི་བུ་མོ་སྦྲ་ནག་བདག་མོ་ཡིན། །

    དུ་ཞག་མཁའ་རུ་འཕྱུར་བའི་སྦྲ་ནག་ཏུ། །

    འོ་ཞོ་བརྩེ་བས་དཀྲོག་པའི་བཞིན་བཟང་མ། །

    དཀར་ཆུའི་ལས་ལ་སྤྲོ་བའི་བརྩེ་ལྡན་མ། །

    འབྲོག་པའི་བུ་མོ་མཛངས་མའི་ཁྱུ་མཆོག་ཡིན། །

    ཁྲ་ཚོམ་མེ་ཏོག་བརྒྱན་པའི་རྩྭ་ཐང་སྟེང་། །

    གཡང་དཀར་ལུག་ཁྱུ་འཚོ་བའི་ཡིད་འཕྲོག་མ། །

    ལྡེམ་ལྡེམ་གར་སྟབས་སྒྱུར་མཁས་གར་མཁན་མ། །

    འབྲོག་པའི་བུ་མོ་རིགས་བཟང་མཛེས་ལྡན་མ། །

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།