“གླིང་སྣེའི་ནག་ཆུ། གནམ་མཐའི་ཡུལ་སྐོར”ཞེས་པའི་རིག་གནས་དང་རིག་རྩལ་འོས་སྦྱོར་འགྲེམས་འཁྲབ་ལྷ་ས་གྲོང་ཁྱེར་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་དུ་སྤེལ་བ།

ཟླ་6ཚེས་3ཉིན། ནག་ཆུ་གྲོང་ཨུད་དྲིལ་བསྒྲགས་པུའུ་ཡིས་གཙོ་གཉེར་བྱས་པ་དང་། ནག་ཆུ་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས་དང་གྲོང་ཁྱེར་སྒྱུ་རྩལ་ཚོགས་པས་གཉེར་རོགས་བྱས་པའི“གླིང་སྣེའི་ནག་ཆུ། གནམ་མཐའི་ཡུལ་སྐོར”ཞེས་པའི་རིག་གནས་དང་རིག་རྩལ་འོས་སྦྱོར་འགྲེམས་འཁྲབ་ལྷ་ས་གྲོང་ཁྱེར་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་དུ་ངོ་མཚར་ཆེན་པོས་སྤེལ་ཡོད། བྱེད་སྒོར“ཁྱེད་དང་མཉམ་དུ་འགྲོགས། མཛེས་པའི་ནག་ཆུར་འཛོམས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་རིག་གནས་ཡུལ་སྐོར་མཉམ་འདྲེས་ལ་གཞི་ཚུགས་ནས་བྱང་ཐང་གི་དམངས་སྲོལ་ཉམས་འགྱུར་དང་མངོན་མིན་རིག་གནས་ཤུལ་བཞག་གི་ཡིད་དབང་འཕྲོག་ཤུགས་གསོན་ཉམས་དོད་པོས་མངོན་པར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།