《གངས་ལྗོངས་ཤེས་དཔལ་དགྱེས་པའི་འཛུམ་ཞལ》དཔེ་སྐྲུན་འགྲེམས་སྤེལ་བྱས་པ།
ཉེ་ཆར། སྨྱན་སྦྱོར་བ་བསླབ་པ་རྒས་གྲས་མན་ཀེ་ཀེ(མིང་ངོ་མར་མན་ཝུན་ཡན་བརྗོད་པ)ཡིས་བགྲང་བྱ་བཅུ་བདུན་རིང་བློ་རྩེ་གཅིག་སྒྲིམ་གྱིས་གསར་རྩོམ་བྱས་པའི་དངོས་མཚོན་རྩོམ་རིག《གངས་ལྗོངས་ཤེས་དཔལ་དགྱེས་པའི་འཛུམ་ཞལ》(སྟོད་ཆ་དང་སྨད་ཆ)བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་རེད། དེབ་དེ་ནི་རང་སྐྱོང་ལྗོངས་ཀྱི་2024ལོ་འཁོར་གྱི་རིག་རྩལ་གསར་རྩོམ་གྱི་རོགས་སྐྱོར་གཙོ་གནད་རྣམ་གྲངས་ཡིན་ཞིང་། ཡིག་འབྲུ་ཁྲི་60ལྷག་ཙམ་ཡོད་པ་དང་བོད་ཀྱི་མངོན་མིག་རིག་གནས་ཤུལ་བཞག་གི་མཆོག་ནོར་དང་། རིག་གནས་ཀྱི་ས་ཁམས་མཚོན་རྟགས། གནའ་བོའི་སྲང་ལམ་གྱི་འཚོ་བའི་ཉམས་སྣང་དང་གྲགས་ཅན་མཁས་དབང་གི་ཉམས་འགྱུར་བརྒྱུད་རིམ་ལྡན་པའི་སྒོ་ནས་གསེད་བཀྲོལ་བྱས་ཏེ་བོད་ཀྱི་རིག་གནས་དར་རྒྱས་ཀྱི་རྣམ་པ་གསར་པ་ཕྱོགས་ཡོངས་ནས་མངོན་པར་བྱས་ཡོད།
དེབ་དེར་སྟོད་ཆ་དང་སྨད་ཆ་གཉིས་སུ་དབྱེ་ནས་གངས་ལྗོངས་ཀྱི་རིག་རྒྱུན་དང་། རིག་གནས་ཀྱི་ས་ཁམས་མཚོན་རྟགས། གནའ་བོའི་སྲང་ལམ་གྱི་གཏམ་རྒྱུད། གྲགས་ཅན་མཁས་དབང་དང་བགྲོ་གླེང་བཅས་ལེའུ་གཙོ་བོ་བཞིར་དབྱེ་ཡོད། དེབ་དེའི་ནང་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་གྱི་རྩ་བ་བརྒྱུད་རིམ་ལྡན་པའི་སྒོ་ནས་གསེད་བཀྲོལ་བྱས་པ་དང《གླིང་སྒྲུང》དང་། ཏ་ལའི་ལོ་མའི་དཔེ་ཆ། སྨར་ཁམས་ཀྱི་པི་ཝང་རྒྱུད་གསུམ་མ། ཐང་ག ལྷ་མོ་སོགས་རིག་གནས་མཆོག་ནོར་གྱི་གསོན་ཉམས་རྒྱུན་འཛིན་ཟིན་ཐོར་བཀོད་དེ་དུས་རབས་གསར་པར་མངོན་མིན་རིག་གནས་ཤུལ་བཞག་གསར་གཏོད་རང་བཞིན་གྱི་སྒོ་ནས་གཞན་སྒྱུར་དང་འཕེལ་རྒྱས་གཏོང་བ་མངོན་ཡོད།
འབྲེལ་ཡོད་གསར་འགྱུར།