རྩོམ་པ་པོ་གྲགས་ཅན་ཨ་ལེགས་ཀྱི་ཆེད་དོན་ལྟ་ཀློག་མྱོང་བ་སྤེལ་རེས་ཚོགས་འདུ་ལྷ་སར་འཚོགས་པ།

འདི་ནི་རྩོམ་པ་པོ་གྲགས་ཅན་ཨ་ལེགས་ཀྱིས་དེབ་ངོ་སྤྲོད་བྱེད་བཞིན་པ།

འདི་ནི་བྱེད་སྒོ་སྤེལ་ཡུལ་ཡིན་པ།
ཟླ་5ཚེས་28ཉིན་གྱི་སྔ་དྲོར། “རིག་དཔལ་དར་བའི་བོད་ལྗོངས”འཛུགས་སྐྱོང་གཏིང་ཟབ་ཏུ་གཏོང་བ་དང་དམངས་ཡོངས་ཀྱི་དཔེ་ཀློག་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་ཆད་མེད་པར་བརྟན་དུ་གཏོང་ཆེད། “རིག་དཔལ་དར་བའི་བོད་ལྗོངས”ཞེས་པའི་དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྒོ་དང་རྩོམ་པ་པོ་གྲགས་ཅན་ཨ་ལེགས་ཀྱི་ཆེད་དོན་ལྟ་ཀློག་མྱོང་བ་སྤེལ་རེས་ཚོགས་འདུ་རང་སྐྱོང་ལྗོངས་ཤིན་ཧྭ་དཔེ་ཚོང་ཁང་གི་ལྷ་ས་ལྟེ་བའི་དཔེ་གྲོང་དུ་གཟབ་རྒྱས་ངང་འཚོགས་པ་རེད།
བྱེད་སྒོ་སྤེལ་ཡུལ་དུ་དཔེ་ཀློག་ལ་སྤྲོ་བའི་སྐྱེས་ཕོ་མོ་མང་པོ་མ་གྲོས་གཅིག་ཏུ་འཛོམས་པ་དང་། རྩོམ་པ་པོ་གྲགས་ཅན་ཨ་ལེགས་ཀྱིས་རང་ཉིད་ཀྱི་ལོ་བཅུ་གྲངས་རིང་གསར་རྩོམ་གྱི་མྱོང་བརྒྱུད་དང་། དཔེ་ཀློག་གི་བློ་སྐྱེད། དེ་བཞིན་མི་ཚེའི་མྱོང་བ་བཅས་དང་ཟུང་འབྲེལ་གནང་ནས་རིག་གནས་ཀྱི་གདེང་ཚོད་དང་། རྩོམ་རིག་གི་སྟོབས་ཤུགས། མི་རིགས་མཉམ་འདྲེས་སོགས་ཀྱི་སྐོར་ལ་རང་ཉིད་ཀྱི་ལྟ་བ་ལྷུག་པོར་གླེང་བ་མ་ཟད། ཀློག་པ་པོས་བཏོན་པའི་དྲི་བར་ངང་རྒྱུད་རིང་ལ་ཞིབ་ཚགས་པོས་ལན་བཏབ་སྟེ་དོགས་འཆར་སེལ་གནང་བར། དགའ་བསུ་ཞུ་བའི་ཐལ་མོའི་རྡེབ་སྒྲ་བྱེད་སྒོ་སྤེལ་ཡུལ་ནས་གཅིག་འཇགས་གཅིག་ལངས་ཀྱི་ཚུལ་དུ་ཡང་ནས་ཡང་དུ་གྲགས།
འཁྲུག་ཆ་དོད་པའི་སྤེལ་རེས་ཚོགས་འདུ་འཚོགས་རྗེས། ཀློག་པ་པོ་ཚོས་རང་འགུལ་ངང་རུ་བསྒྲིགས་ཏེ་རྩོམ་པ་པོ་ཨ་ལེགས་ལ་ཁོང་གི་དཔེ་དེབ་ཏུ་མཚན་རྟགས་འགོད་རོགས་ཞུས་པ་རེད། “ང་རང་ལ་ཆ་བཞག་ན། རྩོམ་པ་པོ་ཨ་ལེགས་ལགས་ཀྱི་དེབ་ལྟ་བར་ཧ་ཅང་དགའ་པོ་ཡོད། དེ་རིང་རྩོམ་པ་པོ་ཁོང་དངོས་སུ་མཇལ་བྱུང་། བྱས་ཙང་། དངོས་གནས་དགའ་པོ་ཞེ་དྲག་བྱུང”ཞེས་རྩོམ་པ་པོ་ཨ་ལེགས་ཀྱིས་མཚན་རྟགས་བཀོད་མ་ཐག་པའི་དཔེ་དེབ《ནམ་མཁའ་གཡའ་དག ས་གཞི་རྡུལ་དག》དང《ལྕགས་མདུད》སོགས་ལག་ཏུ་ཁྱེར་བའི་གྲོང་མི་ཟླ་བས་གསར་འགོད་པར་བརྗོད་ཅིང་། ཁོང་གིས། ནམ་ཞག་རྒྱུན་དུ་ནས་དཔེ་དེབ་ཀློག་པ་ནི་ངའི་འཚོ་བའི་ཆ་ཤས་ཤིག་ཏུ་གྱུར་ཡོད། དེར་བརྟེན། མི་དེ་བས་མང་བས་དཔེ་དེབ་མང་ཙམ་ལྟ་བ་དང་དཔེ་དེབ་ལེགས་པོ་བལྟས་ནས་ཐོས་པ་རྒྱ་ཆེར་བསགས་ཏེ། རིག་དཔལ་དར་བའི་བོད་ལྗོངས་འཛུགས་སྐྱོང་བྱེད་པར་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད་ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།