དབུ་ཤོག>བོད་ཀྱི་རིག་གནས།>མངོན་མིན་རིག་གནས་ཤུལ་བཞག
  • གཞིས་རྩེ་གྲོང་ཁྱེར་གྱིས་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པའི་གསོ་སྦྱོང་འཛིན་གྲྭ་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-05-25

     ཉེ་ཆར། གཞིས་རྩེ་གྲོང་ཁྱེར་གྱིས་2026ལོའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པའི་གསོ་སྦྱོང་འཛིན་གྲྭ་གཉེར་བ་རེད། རྫོང(ཆུས)18ནས་ཡོང་བའི་རིམ་ཁག་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་57གསོ་སྦྱོང་ལ་ཞུགས་པ་དང་འབྲེལ་པ་སྣམ་རྫོང་མི་རིགས་ལག་ཤེས་བཟོ་ལས་གླིང་ཁུལ་དུ་ལྟ་སྦྱོང་སློབ་སྦྱོང་བྱེད་པར་བསྐྱོད་པ་རེད།

    གསོ་སྦྱོང་བྱེད་རིང་སློབ་མ་ཡོངས་ཀྱིས་ཐོག་མཐའ་བར་གསུམ་དུ་སློབ་སྦྱོང་གི་སྤྲོ་སེམས་ཆེན་པོ་རྒྱུན་འཁྱོངས་བྱས་ཏེ་སློབ་ཚན་ནན་ཏན་ཉན་པ་དང་གསོ་སྦྱོང་གི་སྒྲིག་ཁྲིམས་ལ་བརྩི་སྲུང་ནན་པོ་ཞུས་ནས་བསམ་པའི་ཉམས་འགྱུར་བཟང་པོ་མངོན་པར་བྱས་ཡོད། དུས་ཡུན་ཉིན་གཉིས་ཀྱི་གསོ་སྦྱོང་རིང་སློབ་མ་ཡོངས་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་ལས་དོན་གྱི་གལ་ཆེའི་རང་བཞིན་སྔར་བས་ཤེས་རྟོགས་བྱུང་བ་དང་། རྒྱུན་འཛིན་གྱི་འགན་འཁྲིའི་བསམ་པ་དང་འོས་འགན་སྒྲུབ་སེམས་ཆེ་རུ་ཕྱིན་ཡོད། རྒྱུན་འཛིན་གསར་གཏོད་དང་རིག་གནས་ཁྱབ་གདལ་གྱི་རྩལ་ནུས་དེ་བས་མང་བ་ཁོང་དུ་ཆུད་ནས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་། རྒྱུན་འཛིན། འཕེལ་རྒྱས་བཅས་ཀྱི་ལས་དོན་དེ་བས་ལེགས་པའི་སྒོ་ནས་སྤེལ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།