དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་75འཁོར་བར་ཕུལ་བའི་བསྟོད་ཚིག་པདྨ་འདབ་བརྒྱད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  པདྨ་ཆོས་དར།   |     སྤེལ་དུས།  2026-05-24

    ཤར་ཕྱོགས་རི་བོའི་རྩེ་ནས། །

    གསེར་གྱི་བང་ཆེན་ཕེབས་བྱུང་། །

    ང་ཅག་ཁ་བའི་ལྗོངས་ལ། །

    སྲིད་བཟང་གཏམ་སྙན་བསྣམས་བྱུང་། །

    ཏང་གིས་དམར་དམག་མངགས་ནས། །

    བོད་རྙིང་ལུགས་རྙིང་གཏོར་སོང་། །

    ཞིང་བྲན་ཁྲི་ཚོ་བརྒྱ་ལ། །

    ཡར་ལངས་བཅིངས་འགྲོལ་ཐོབ་སོང་། །

    དུས་རབས་གསར་པའི་ལམ་ཆེན། །

    ཞུམ་མེད་རྡོག་པས་བརྫིས་ནས། །

    ཕུགས་བསམ་མངོན་འགྱུར་ཆེད་དུ། །

    མདུན་ནས་མདུན་དུ་བསྐྱོད་ཡོད། །

    ཀྲུང་དབྱང་ལས་དོན་ཉི་ཟེར། །

    འཛམ་གླིང་ཡང་རྩེར་འཕྲོས་སོང་། །

    དབུལ་སྒྲོལ་ཕྱུག་འགྱུར་མེ་ཏོག །

    གངས་ལྗོངས་ས་མཐོར་བཞད་སོང་། །

    ཏང་གི་མཛུབ་སྟོན་མ་ལུས། །

    སེམས་ལ་བརྟན་པོར་བཅངས་ནས། །

    འཆམ་མཐུན་ཤེས་དཔལ་ལྡན་པའི། །

    ཕ་ཡུལ་སྐྲུན་པར་ཕེབས་ཤོག །

    ཏང་གི་མི་རིགས་སྲིད་ཇུས། །

    དྲོ་སྐྱིད་ཉི་མའི་འོད་ཟེར། །

    ཕ་ཡུལ་གངས་ལྗོངས་ས་མཐོར། །

    བདེ་སྐྱིད་རྩ་བ་ཚུགས་སོང་། །

    བོད་རིགས་མི་དམངས་འཚོ་བ། །

    དབྱར་མཚོ་རྒྱས་དང་མཚུངས་པ། །

    ས་ཕྱོགས་གང་ས་གང་དུ། །

    འབྱོར་ཕྱུག་དཔལ་ཡོན་བཞད་འདུག །

    ཏང་གི་སྲིད་ཇུས་བཟང་པོ། །

    ཉི་ཟླའི་འོད་ལས་ལྷག་པ། །

    ཞིང་འབྲོག་མི་དམངས་རྣམས་ལ། །

    ཅི་ཟ་ཅི་འཐུང་གནང་བྱུང་། །

    ཕྱུགས་རིགས་ཤ་ཤེད་རྒྱས་པ། །

    ཤ་མར་ཐུད་གསུམ་འབེལ་བ། །

    ཞིང་ལས་ཚན་རྩལ་དྲིན་གྱིས། །

    བང་མཛོད་འབྲུ་ཡིས་བཀང་འདུག །

    རླངས་འཁོར་མེ་འཁོར་ནང་ནས་། །

    དངོས་ཟོག་འདྲ་མིན་དབོར་བྱུང་། །

    བོད་རིགས་མི་དམངས་རྣམས་ལ། །

    ཟས་གོས་སེམས་ཁྲལ་མི་འདུག །

    གངས་ལྗོངས་ས་མཐོའི་ཡུལ་ལ། །

    སློབ་གྲྭ་ཆེ་འབྲིང་ཆུང་གསུམ། །

    དཔྱིད་ཀྱི་མྱུ་གུ་རྒྱས་བཞིན། །

    ས་ཕྱོགས་གང་སར་བསྐྲུན་སོང་། །

    སློབ་གསོའི་སྲིད་བཟང་དྲིན་གྱིས། །

    བུ་ཕྲུག་སློབ་གྲྭར་གཏོང་བར། །

    ཟས་གོས་སྡོད་གསུམ་འགན་ལེན། །

    སློབ་ཡོན་རྩ་ཆག་གནང་བྱུང་། །

    བོད་རིགས་བུ་ཕྲུག་མ་ལུས། །

    ཤེས་རིག་གཤོག་རྩལ་སྦྱོང་བའི། །

    བསྐལ་བ་བཟང་པོ་འདི་འདྲ། །

    མི་ནུབ་ཏང་གི་བཀའ་དྲིན། །

    བློ་རིག་བཀྲ་བའི་བོད་ཕྲུག །

    དཀའ་སྤྱད་ཤེས་རིག་སྦྱོངས་དང་། །

    ཚན་རིག་ལང་ཚོའི་མེ་ཏོག །

    གངས་ལྗོངས་མགུལ་ལ་སྒྲོན་ཤོག །

    སྣུམ་གནག་གཞུང་ལམ་སྟེང་དུ། །

    རླངས་འཁོར་བྱ་ལས་མྱུར་བ། །

    སྔོན་ཆད་རྐང་ལམ་ཕྲ་མོ། །

    ག་ལེ་བཞུགས་རོགས་གནང་དང་། །

    སྤྲང་ཕྲུག་སྣབས་ལུད་འཛར་འཛར། །

    ཤེས་རིག་གཤོག་རྩལ་རྒྱས་ནས། །

    བོད་གསར་འཛུགས་སྐྲུན་ཆེད་དུ། །

    སྲིད་གྲོས་སྲིད་གླེང་བྱེད་ཀྱིས། །

    ཐག་རིང་ལུང་ཁུག་གྲོང་ཚོར། །

    སྨན་ཁང་ནད་ཁང་བསྐྲུན་སོང་། །

    སྨན་བཅོས་འགན་བཅོལ་སྲིད་བཟང་། །

    མི་དམངས་ཡོངས་ལ་ཁྱབ་སོང་། །

    ཏང་གི་སྲིད་བཟང་ཉི་འོད། །

    གངས་ཅན་ས་གཞིར་འཕྲོས་སོང་། །

    བཟོ་ལས་ཡུལ་སྐོར་ཐོན་རྫས། །

    ལག་ཤེས་འདྲ་མིན་དར་སོང་། །

    གནམ་ལ་མིས་བཟོས་སྲུང་སྐར། །

    ས་ལ་མྱུར་བགྲོད་མེ་འཁོར། །

    མཚོ་ལ་གྲུ་གཟིངས་སྣ་ཚོགས། །

    མེས་རྒྱལ་མངའ་ཐང་རྒྱས་སོང་། །

    དཔལ་འབྱོར་དཔལ་འབར་སྒྲོན་མེ། །

    གངས་ལྗོངས་ས་མཐོར་འབར་སོང་། །

    ཚོང་ཟོག་སྣ་ཁ་འཛོམས་ཤིང་། །

    ཉོ་མཁན་དཔུང་གདང་ཤིག་ཤིག །

    ནམ་མཁའ་སྔོ་ཞིང་བསངས་ལ། །

    ཆུ་མོ་དྭངས་ཤིང་གཙང་བ། །

    རི་དྭགས་ཅི་དགར་རྒྱུ་བ། །

    སྐྱེ་ཁམས་བཟང་བའི་རྟགས་རེད། །

    གངས་ལྗོངས་རི་ཀླུང་གནས་མཆོག །

    ཡིད་དབང་འཕྲོག་པའི་ནོར་བུ། །

    ཡུལ་སྐོར་འཚང་ཁ་ཤིག་ཤིག །

    ཡུལ་མིའི་དངུལ་ཁུག་བརྒྱངས་སོང་། །

    གྲོང་དང་གྲོང་གི་བར་ལ། །

    ཐོག་བརྩེགས་བ་གམ་བསྐྲུན་སོང་། །

    དེང་རབས་ཁྱིམ་ཆས་འདྲ་མིན། །

    ཁྱིམ་གྱི་རྒྱན་དུ་གྱུར་སོང་། །

    བོད་ལྗོངས་ས་ཆ་གང་སར། །

    དྲ་རྒྱའི་བརྡ་རྟགས་ཁྱབ་སོང་། །

    གཞུང་ལམ་ཤར་གཏོང་ཐུབ་པས། །

    མྱུར་སྐྱེལ་བསྐུར་མ་འབྱོར་བྱུང་། །

    བསིལ་ལྗོངས་རི་བོའི་རྩེ་ལ། །

    གློག་ཤིང་རྡོ་རྗེའི་ཀ་བ། །

    གློག་སྐུད་སྡོམ་དྲ་འཐེན་པས། །

    གློག་འོད་ཁྲ་ཆིལ་དགུ་ཆིལ། །

    ཡར་ཀླུང་གཙང་པོའི་སྟོད་སྨད། །

    མ་དངུལ་དུང་ཕྱུར་བཏང་ནས། །

    རླངས་འཁོར་མེ་འཁོར་ཐར་བའི། །

    ཟམ་ཆེན་བརྒྱ་ཕྲག་བསྐྲུན་སོང་། །

    ཡར་ཀླུང་གཙང་པོའི་གཡས་གཡོན། །

    རྩི་ཤིང་ལྗོན་ཤིང་བཏབ་པས། །

    སྔོན་ཆད་བྱེ་རླུང་འཇགས་ཤིང་། །

    སྔོ་ལྗང་ནགས་སུ་གྱུར་སོང་། །

    བྲག་རི་གཡང་གཟར་བཤགས་ནས། །

    ཕུ་ཆུ་མདའ་ལ་དྲངས་སོང་། །

    ཞིང་ཐང་སྐྱ་མོའི་དབུས་ནས། །

    སྙེ་མས་མགོ་ལྕོག་ལྡེམ་ལྡེམ། །

    ཕུ་ལ་ཆུ་རྫིང་བསྐྲུན་སོང་། །

    དྭངས་གཙང་ལྷད་མེད་ཆུ་མོ། །

    རིལ་རིལ་སྦུ་གུའི་ནང་ནས། །

    ཆུ་ཟོམ་ནང་ལ་དྲངས་སོང་། །

    གནམ་གྲུ་མཁའ་ལ་འཕུར་སོང་།། །

    མེ་འཁོར་བྱ་ལྟར་མྱུར་བ། །

    འགྲིམ་འགྲུལ་པ་ཊའི་རི་མོ། །

    གངས་ལྗོངས་ཡུལ་ལ་བྲིས་སོང་། །

    ཁེ་གཉེར་སྲིད་བཟང་དྲི་བཞོན། །

    གངས་ལྗོངས་ས་མཐོར་ལྡང་སོང་། །

    སྒོར་མོ་དུང་ཕྱུར་ལོན་པའི། །

    རྩེར་སོན་ཁེ་ལས་འཁྲུངས་སོང་། །

    ཏང་གི་དབུ་ཁྲིད་མེད་ན། །

    བོད་ལྗོངས་མི་དམངས་རྣམས་ལ། །

    བདེ་སྐྱིད་འཚོ་བ་གསར་པ། །

    འདི་འདྲ་ཐོབ་ས་མ་རེད། །

    རྒྱ་བོད་མི་རིགས་མཛའ་མཐུན། །

    སྔོན་མོའི་ཆུ་ལས་རིང་བ། །

    གཅིག་ཕན་གཅིག་རོགས་གསེར་ཟམ། །

    ཁ་བའི་ཡུལ་ལ་བསྐྲུན་ཡོད། །

    བདེ་སྐྱིད་རྫོགས་ལྡན་དུས་འདིར། །

    ཐོག་མའི་བསམ་འདུན་བཟང་པོ། །

    སེམས་ལ་བརྟན་པོར་བཅངས་ཏེ། །

    ཕ་ཡུལ་སྐྲུན་པར་རེམས་ཤོག །

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།