བསམ་གྲུབ་རྩེ་ཆུས་ཀྱིས་ཉར་ཚགས་བྱས་པའི་སྤོ་རུང་བའི་རིག་དངོས་ཁག་8800ལྷག་ཙམ་ལ་དཔྱད་འདོམས་ཁ་གསབ་བྱས་པ།
ཉེ་ཆར། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱིས་ཉར་ཚགས་བྱས་པའི་སྤོ་རུང་བའི་རིག་དངོས་ཁག་8800ལྷག་ཙམ་ལ་དཔྱད་འདོམས་ཁ་གཟབ་བྱས་པ་མ་ཟད། རིག་དངོས་རིགས་དབྱེའི་རིམ་པ་གཏན་འཁེལ་དང་གྲངས་འཛིན་ཅན་གྱི་ཡིག་ཚགས་བཟོ་བ་སོགས་ཀྱི་ལས་ཀའི་བརྒྱུད་རིམ་སྔར་བས་ཚད་ལྡན་དུ་བཏང་ནས་རིག་དངོས་སྲུང་སྐྱོབ་དོ་དམ་ཚད་ལྡན་ཅན་དང་། ཆེད་ལས་ཅན། ཞིབ་ཚགས་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་ནུས་ལྡན་བཏང་བ་རེད།
ད་ཐེངས་ཀྱི་དཔྱད་འདོམས་ལས་དོན་དེ་བོད་རང་སྐྱོང་ལྗོངས་རིག་དངོས་དཔྱད་འདོམས་ལྟེ་གནས་ཀྱིས་གཞིས་རྩེ་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས་ཀྱི་རིག་དངོས་སྲུང་སྐྱོབ་དང་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ལྟེ་གནས་དང་གྲོང་ཁྱེར་རྟེན་མཛོད་ཁང་དང་མཉམ་དུ་སྤེལ་བ་ཞིག་རེད།
རིགས་གཅིག་མཁས་ཅན་ཚོགས་ཆུང་བསམ་གྲུབ་རྩེ་ཆུས་ཀྱི་རིག་དངོས་ཉར་ཚགས་ཚན་པ་11ཏུ་བསྐྱོད་དེ་རྒྱལ་ཁབ་ཀྱི་རིག་དངོས་དཔྱད་འདོམས་ཚད་གཞི་དང་དེ་བཞིན་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཀྱི་འབྲེལ་ཡོད་ལས་ཀའི་བླང་བྱར་བརྩི་སྲུང་ནན་པོ་ཞུས་ཏེ་དངོས་པོར་རྩད་ཞིབ་ཞིབ་ཚགས་དང་། ལོ་རབས་གནད་སྨིན་དབྱེ་འབྱེད། ཕྱོགས་བསྡུས་རིན་ཐང་དཔྱད་དཔོག རིག་དངོས་རིམ་པ་གཏན་འཁེལ་སོགས་ཀྱི་ཆེད་ལས་བརྒྱུད་རིམ་བརྒྱུད་རིག་དངོས་རེ་རེའི་ལོ་རྒྱུས་ཀྱི་རིན་ཐང་དང་། སྒྱུ་རྩལ་གྱི་རིན་ཐང་། ཚན་རིག་གི་རིན་ཐང་བཅས་རེ་རེ་བཞིན་གསེད་བཀྲོལ་བྱས་པ་རེད། རིག་དངོས་དཔྱད་འདོམས་ཡིག་ཚགས་ཚད་ལྡན་ཅན་དང་འཐུས་སྒོ་ཚང་དུ་བཏང་ནས་རྗེས་མཐུད་ཀྱི་རིག་དངོས་སྲུང་སྐྱོང་དང་། རིག་གཞུང་ཞིབ་འཇུག བཤམས་སྟོན་བེད་སྤྱོད་སོགས་ཀྱི་ལས་དོན་ལ་དབང་གྲགས་དང་། གནད་སྨིན། བློས་འགེལ་ཆོག་པ་བཅས་ཀྱི་གྲངས་གཞིའི་འདེགས་སྐྱོར་བྱས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།