དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • བོད་ཡིག་རྩོམ་སྒྱུར་བ་ཞིག་གི་དྲན་ཚོར་དང་སྤོབས་སེམས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཚེ་དབང་ལྷ་མོ།   |     སྤེལ་དུས།  2026-05-17

    དུས་ཚོད་ནི་ཆུ་བོའི་རྒྱུན་བཞིན་མདུན་ནས་མདུན་དུ་བཞུད་ཅིང་། ལོ་ཟླ་ནི་བྲེལ་ཟིང་དང་དགའ་སྐྱོ་འདྲེས་མའི་ཁྲོད་དུ་རིམ་བཞིན་འདས། འོན་ཀྱང་། བོད་ཡིག་ཚགས་པར་གཉེར་མཁན་ཞིག་ལ་མཚོན་ན། ལོ་ངོ་བདུན་ཅུ་ནི་འབད་འཐབ་ཀྱི་ལོ་རྒྱུས་སྙན་ངག་ཅིག་ཡིན་ལ། གཟི་བརྗིད་ལྡན་པའི་རྒྱང་སྐྱོད་ཀྱི་ལམ་བུ་ཞིག་ཀྱང་ཡིན། བོད་ཡིག་ཚགས་པར་བཏོན་པ་ནས་བཟུང་། ཚགས་པར་ནི་དཀར་ཆ་དོད་པའི་གློག་སྒྲོན་ཞིག་དང་འདྲ་བར། ཤེས་བྱའི་རྒྱ་མཚོའི་ཁྲོད་དུ་མི་གྲངས་ལས་འདས་པར་མི་ཚེའི་ཁ་ཕྱོགས་སྟོན་བཞིན་ཡོད་ལ། དེ་ནི་ལྷག་བསམ་རྣམ་དག་གི་མཛའ་གྲོགས་བཟང་པོ་ཞིག་དང་འདྲ་བར། ཀློག་པ་པོ་མི་རབས་མང་པོ་དང་འགྲོགས་ནས་ལོ་ཟླའི་དྲག་ཆར་རླུང་འཚུབ་དང་དྲོད་འཇམ་གྱི་ཉི་འོད་བརྒྱུད་མྱོང་ཡོད།

    ཚགས་པ་ཐོག་མར་འདོན་པའི་དུས་སུ་སྒྲིག་ཆས་ཀྱི་ཆ་རྐྱེན་ཞན་ཞིང་དཀའ་ཚེགས་ཆེ་བ་དང་ཐོན་ཁུངས་དཀོན་མོད། རྩོམ་སྒྲིག་ཚོགས་པ་ཚོས་ཚགས་པར་གྱི་ལས་ཀར་དགའ་ཞེན་ཆེན་པོས་དཀའ་ངལ་མང་པོ་ཁྱད་དུ་བསད་དེ། ཏང་དང་རྒྱལ་ཁབ་ཀྱི་མཛད་ཕྱོགས་སྲིད་ཇུས་དྲིལ་བསྒྲགས་དང་། རྒྱལ་ཁབ་ཕྱི་ནང་གི་གནས་ཚུལ་བརྒྱུད་བསྒྲགས། གཞི་རིམ་དུ་གཤམ་སྐྱོད་བྱས་ནས་མི་དམངས་ཀྱི་སེམས་གཏམ་མཚོན་པའི་གསོན་ཉམས་ལྡན་པའི་རྒྱུ་ཆ་སྔོག་འདོན། ཇུས་འགོད་ཞིབ་ཚགས་བཅས་བྱས་ཏེ། རྩོམ་ཡིག་རེ་རེ་དང་པར་ངོས་རེ་རེའི་གསེབ་ཏུ་གོང་རིམ་དང་མང་ཚོགས་དབར་འབྲེལ་གཏུག་བྱེད་པའི་ཟམ་པ་ཞིག་བཏོད་པས། བོད་ཡིག་ཚགས་པར་གསར་དུ་བཏོན་མ་ཐག་རྒྱ་ཆེའི་ཀློག་པ་པོའི་ཁས་ལེན་དང་གདེང་འཇོག་བཟང་པོ་ཐོབ་ཡོད།

    ལོ་ངོ་བདུན་ཅུའི་རིང་། ས་མཐོའི་ཚགས་པར་བ་རྒན་དར་གཞོན་གསུམ་ཚང་མས་མང་ཚོགས་དང་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་འབྲེལ་བྱས་ཏེ། རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་འཕོ་འགྱུར་ལ་བདེན་དཔང་དང་། སྤྱི་ཚོགས་ཀྱི་འཕོ་འགྱུར་རླབས་པོ་ཆེ་ཟིན་ཐོར་འགོད་བཞིན། ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་གོམ་སྟབས་ཀྱི་རྗེས་སུ་དམ་པོར་བསྙེགས་ཏེ། ཡི་གེ་དང་པར་རིས་ལ་བརྟེན་ནས་ས་མཐོའི་ངོ་མཚར་ཆེ་བའི་ལོ་རྒྱུས་གལ་ཆེན་རེ་རེ་བཞིན་ཤོག་ངོས་སུ་བཀོད་ཡོད།

    འདས་ཟིན་པའི་ལོ་ངོ་70ཡི་རིང་། བོད་ལྗོངས་ཉིན་རེའི་ཚགས་པར་གྱིས་ཤུགས་རྐྱེན་ཟབ་མོ་ལྡན་པའི་གསར་འགྱུར་རྩོམ་ཡིག་རབ་དང་རིམ་པ་སྤེལ་ཏེ། ཏང་གི་མཛད་ཕྱོགས་དང་སྲིད་ཇུས་དྲིལ་བསྒྲགས་དང་། རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་འབད་འཐབ་ཀྱི་ངར་ཤུགས་སྐུལ་སློང་། རྒྱལ་ཁབ་ཕྱི་ནང་གི་སྔོན་ཐོན་ཉམས་མྱོང་དང་ལག་རྩལ་ངོ་སྤྲོད་ཧུར་ཐག་བྱས་ཏེ། བོད་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་ལ་དམིགས་པ་དང་སྤྱི་ཚོགས་ཀྱི་གླེང་མང་བའི་གནད་དོན་ལ་དོ་ཁུར་བགྱིས་ཏེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཆེད་གསར་འགྱུར་གྱི་ནུས་པ་ཧུར་ཐག་བཏོན་དང་འདོན་བཞིན་མཆིས།

    ལོ་ངོ་བདུན་ཅུའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད། ཚགས་པར་གྱིས་ཐོག་མཐའ་བར་གསུམ་དུ་གསར་གཏོད་ཀྱི་གསོན་ཤུགས་དང་ཡར་བརྩོན་གྱི་སྙིང་སྟོབས་རྒྱུན་འཁྱོངས་བྱས་པ་དང་། དུས་རབས་ཀྱི་འཕེལ་རྒྱས་དང་ཚན་རྩལ་ཡར་ཐོན་བྱུང་བ་དང་བསྟུན་ནས་ཀློག་པ་པོའི་དཔེ་ཀློག་གི་གོམས་གཤིས་དང་དགོས་མཁོར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ཚགས་པར་གྱིས་འགྱུར་ལྡོག་དེ་རིགས་དང་འཚམ་པར་བྱས་ནས་འཕེལ་རྒྱས་གཏོང་སྟངས་གསར་པ་དང་ཁྱབ་སྤེལ་བྱེད་སྟངས་གསར་པ་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས་ཡོད།

    ཚགས་པར་བཏོན་ནས་ལོ་ངོ་70འཁོར་བའི་འགོ་འཛུགས་ས་གསར་པར། ཚགས་པར་ལ་གོ་སྐབས་དང་འགྲན་སློང་གསར་པ་འཕྲད་ཡོད་ཅིང་། དུས་རབས་གསར་པས་ང་ཚོར་ལས་འགན་དང་འགན་འཁྲི་གསར་པ་དཀྲིས་ཡོད་པས། ང་ཚོས་དེ་བས་གདེང་ཚོད་བརྟན་པོ་དང་། འབད་འབུངས་ཡར་བརྩོན། དངོས་འཛིན་དངོས་སྒྲུབ་བཅས་ལ་བརྟེན་ནས། འབྱུང་འགྱུར་གྱི་འགྲན་སློང་མཐའ་དག་འཛུམ་གྱིས་བསུས་ཏེ་དེ་བས་འོད་སྟོང་འཕྲོ་བའི་གྲུབ་འབྲས་གཏོད་ངེས་ཡིན།

    ང་ཚོས་མུ་མཐུད་དེ་ཡང་དག་པའི་གླེང་ཕྱོགས་ཀྱི་ཁྲིད་སྟོན་མཐའ་འཁྱོངས་དང་། བརྗོད་དོན་གཙོ་བོ་དར་སྤེལ། དྲང་ནུས་ཁྱབ་སྤེལ་བཅས་བྱས་ཏེ། བོད་ལྗོངས་འཕེལ་རྒྱས་དང་སྤྱི་ཚོགས་ཡར་ཐོན་ཐད་གླེང་ཕྱོགས་ཀྱི་རྣམ་པ་བཟང་པོ་ཞིག་གཏོད་རྒྱུ་དང་། ཤུགས་རྐྱེན་ལྡན་པའི་ལེ་ཚན་གཏོད་པ་དང་རྩོམ་ཡིག་རྩེ་གྲ་འདོན་པར་འབད་དེ། ཀློག་པ་པོའི་ཉིན་བཞིན་ཆེ་རུ་འགྲོ་བའི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྐོང་ངེས་ཡིན། ང་ཚོས་སྲོལ་རྒྱུན་སྨྱན་སྦྱོར་གྱི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། སྨྱན་སྦྱོར་གསར་པ་དང་མཉམ་འདྲེས་གཏིང་ཟབ་ཡོང་བར་ཤུགས་སྣོན་བརྒྱབ་སྟེ། ཀྲུང་གོའི་བོད་ལྗོངས་ཀྱི་གཏམ་རྒྱུད་ཡག་པོ་ཤོད་པ་དང་ཀྲུང་གོའི་སྐད་སྒྲ་བརྒྱུད་བསྒྲགས་ཡག་པོ་བྱེད་པར་འབད་ངེས་ཡིན།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།