ཚེ་བརྟན་རྡོ་རྗེ་ལགས་ཀྱི་བརྩམས་སྒྲུང་དཔར་དུ་བསྐྲུན་པ།


ཚེ་བརྟན་རྡོ་རྗེ། སྤྱི་ལོ་1989ལོར་བོད་ལྗོངས་ལྷོ་ཁ་སྣེ་གདོང་རྫོང་འོན་ལ་མོ་ལུང་ཞེས་འབོད་པའི་ལུང་མདོ་ཞིག་ཏུ་སྐྱེས། 2012ལོར་ལྷོ་ནུབ་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་བོད་རྒྱ་སྲིད་འཛིན་ཆེད་ལས་འཛིན་གྲྭ་ནས་མཐར་ཕྱིན། སློབ་ཆེན་དུ་༼སྒྲོན་སྟེགས༽དུས་དེབ་དང་༼མེ་ཆ༽ཚགས་པར་སོགས་སུ་རྩོམ་རིག་གི་རྨང་གཞིའི་ཤེས་བྱར་དངོས་སྦྱོང་བྱས། དཔྱད་རྩོམ་༼ཡར་ཀླུང་མིང་དང་འབྲེལ་བའི་ཐ་སྙད་འགའ་ལ་དཔྱད་པ༽ཞེས་པར་སློབ་ཐོན་སློབ་མའི་ཕུལ་བྱུང་བྱ་དགའ་ཐོབ། སློབ་ཞོར་དུ་༼ཤམ་བྷ་ལའི་ཕོ་ཉ༽དང་༼དམར་མདངས་ལོ་ལས་སྲང་ལམ་གང༽ཞེས་པ་སོགས་རྒྱལ་གཅེས་གློག་བརྙན་ཁག་ཉི་ཤུ་ལྷག་ཙམ་ཡིག་སྒྱུར་དང་སྒྲ་སྒྱུར་གྱི་ལས་ཀ་གཉེར། ད་ལྟ་བོད་ལྗོངས་ནག་ཆུ་སོག་རྫོང་དུ་གཞུང་ཞབས་པའི་ལས་ཀ་སྒྲུབ་བཞིན་ཡོད། 2016ལོ་ནས་2019ལོའི་བར་༼བོད་ལྗོངས་སོག་རྫོང་གི་ལོ་རྒྱུས་རིག་གནས་དཔེ་ཚོགས༽ཀྱི་རྩོམ་སྒྲིག་པའི་འགན་བཞེས། སྔ་རྗེས་སུ་༼སོག་རྫོང་གི་རུས་མཛོད༽དང་༼སོག་རྫོང་སྲིད་གྲོས་ལོ་རྒྱུས༽སོགས་ཀྱི་རྩོམ་སྒྲིག་པའི་ལས་ཀར་ཞུགས། ༼བྱང་ཐང༽དང་༼ནག་ཆུ་སྲིད་གྲོས༽ཀྱི་དུས་དེབ་སྟེང་དུ་བརྩམས་ཆོས་རེ་གཉིས་སྤེལ་མྱོང་ཞིང་། ནག་ཆུ་གྲོང་ཁྱེར་རྩོམ་པ་པོ་མཐུན་ཚོགས་ཀྱི་ཁོངས་མི་དང་སོག་རྫོང་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཡིན། ལས་ཞོར་དུ་རྩོམ་རིག་གསར་རྩོམ་གྱི་ལས་ལ་བསྙེགས་ཤིང་། 2025ལོའི་ཟླ་8པར་སྒྲུང་རིང་ཐོག་མ་༼ཆུ་རྡོ༽ཞེས་པ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན།
འབྲེལ་ཡོད་གསར་འགྱུར།