《ནག་ཆུའི་གེ་སར་སྒྲུང་པའི་གླིང་སྒྲུང་ཕྱོགས་བསྒྲིགས》དངོས་སུ་བཏོན་པ།
ཉེ་ཆར། 《ནག་ཆུའི་གེ་སར་སྒྲུང་པའི་གླིང་སྒྲུང་ཕྱོགས་བསྒྲིགས》དེབ་གསར་ཡོངས་བསྒྲགས་ཚོགས་འདུ་ནག་ཆུ་གྲོང་ཁྱེར་དཔེ་མཛོད་ཁང་དུ་འཚོགས་པ་རེད།
ད་ཐེངས་ཡོངས་བསྒྲགས་བྱས་པའི་དཔེ་ཚོགས་ནང་ཁྱོན་རིགས་35ཡི་པོད་35ཡོད་པའི་ནང་ནག་ཆུའི་གེ་སར་སྒྲུང་པའི་སྐོར་ཕྱོགས་ཡོངས་དང་གསོན་ཉམས་དོད་པོས་བཀོད་དེ། ངག་ཐོག་གི་ལོ་རྒྱུས་སྙན་ངག་ལྟ་ཀློག་དང་། བརྒྱུད་སྤེལ། ཉར་ཚགས་བཅས་བྱེད་རིན་ཡོད་པའི་དཔེ་དེབ་ཏུ་གྱུར་ཡོད་པས་རིག་གཞུང་གི་རིན་ཐང་དང་རིག་གནས་ཀྱི་དོན་སྙིང་ཆེན་པོ་ལྡན་ཞིང་། དེས་ལོ་རྒྱུས་སྙན་ངག་གླིང་སྒྲུང་ལ་ཞིབ་འཇུག་བྱེད་པར་རྩ་ཆེའི་དཔྱད་གཞིའི་ཡིག་རིགས་མཁོ་འདོན་བྱས་ཡོད་ལ། སྤྱི་ཚོགས་ལས་རིགས་ཁག་གིས་གངས་ལྗོངས་ཀྱི་ལོ་རྒྱུས་སྙན་ངག་གི་སྲོལ་རྒྱུན་ཤེས་རྟོགས་བྱེད་པར་སྐར་ཁུང་གལ་ཆེན་ཞིག་ཀྱང་བཏོད་ཡོད། དེ་ནི་ནག་ཆུ་གྲོང་ཁྱེར་གྱིས་མི་རིགས་རིག་གནས་ཀྱི་རྩ་བ་སྲུང་སྐྱོང་བྱེད་པ་དང་། རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ། མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་ལ་སྐུལ་འདེད་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་གཏོད་པ་བཅས་ཀྱི་གསོན་ཉམས་དོད་པའི་ལག་ལེན་ཞིག་རེད།
འབྲེལ་ཡོད་གསར་འགྱུར།