དབུ་ཤོག>བོད་ཀྱི་རིག་གནས།>རིག་གནས་པར་མཛོད།
  • དཔེ་དེབ་ལྟ་ཀློག་རྣམ་པ་གསར། དམངས་ཆེད་ཁྲིམས་སྒྱུར་བརྩེ་བ་ཟབ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-24

    འདི་ནི“དཔེ་ཀློག་གི་དུས་བཟང་ལ་རོལ། ན་གཞོན་གྱི་བློ་སྒོ་འབྱེད”ཅེས་པའི་དཔེ་ཀློག་གི་བྱེད་སྒོ་སྤེལ་ཡུལ་ཡིན་པ།

    ཉེ་ཆར། ནག་ཆུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་སྡེ་ཚོགས་ཀྲི་པུའུ་ཡིས་སྣེ་ཁྲིད་དེ། ཏང་ཀྲི་པུའུ་ཁག་དང་དེ་བཞིན་ཚོགས་པ་གཞན་དག་གི་རྩ་འཛུགས་དང་མཉམ་དུ་རྣམ་པ་གསར་རྐྱང་གི“དཔེ་ཀློག་གི་དུས་བཟང་ལ་རོལ། ན་གཞོན་གྱི་བློ་སྒོ་འབྱེད”ཅེས་པའི་དཔེ་ཀློག་གི་བྱེད་སྒོ་སྤེལ་བ་རེད།

    ནག་ཆུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་འབྲེལ་ཡོད་འགན་འཁུར་བས། དཔེ་ཀློག་གི་བྱེད་སྒོ་ནི་གཞོན་ནུ་ལས་བྱེད་ཉེན་རྟོག་པ་གསོ་སྐྱོང་གཏིང་ཟབ་དང་ཁྲིམས་སྐྱོང་རིག་གནས་འཛུཌ་སྐྱོང་གསར་གཏོད་བྱེད་པའི་གསོན་ཉམས་དོད་པའི་ལག་ལེན་ཞིག་རེད། གོམ་སྟབས་རྗེས་མར“ནག་ཆུ་ཁྲིམས་ཁང་གི་གཞོན་ནུའི་གདོང་ལེན་པ”ཞེས་པའི་གཞོན་ནུ་ལས་བྱེད་ཉེན་རྟོག་པ་གསོ་སྦྱོང་འཆར་གཞི་དེ་དམ་འཛིན་བྱ་གཞིར་བྱས་ནས། དེ་བས་ཁྱད་དུ་འཕགས་པའི་དཔེ་ཀློག་བྱེད་སྒོ་སྒྲིག་འཛུགས་བྱས་ཏེ་བྱེད་སྒོའི་ནང་དོན་དང་རྣམ་པ་སླར་ཡང་ཕུན་སུམ་ཚོགས་སུ་འགྲོ་བར་སྐུལ་འདེད་བཏང་སྟེ། ལས་བྱེད་ཉེན་རྟོག་པས་དེ་བས་ཆེད་ལས་ཀྱི་བྱང་ཚད་དང་དེ་བས་ལྷད་མེད་བརྩེ་སེམས་ལ་བརྟེན་ནས་ཐོག་མའི་འགན་འཁྲི་ལག་ལེན་བསྟར་རྒྱུར་ཁྲིད་སྟོན་བྱ་རྒྱུ་ཡིན་ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།