དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • གཏམ་དཔེ་རྣ་བའི་བུ་རམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-19

    ※ ལྷུན་པོ་ཆུ་ཡིས་སྣུབ་དོགས་མེད། ལུང་པ་རླུང་གིས་ཁྱེར་དོགས་མེད།

    ※ ལག་པ་ཡ་གཅིག་གི་ཐལ་མོ་དང་། རྐང་པ་ཡ་གཅིག་གི་ཞབས་བྲོ།

    ※ རྐང་ལག་ཕྲ་མོར། ཁུར་པོ་ལྕི་མོ།

    ※ ཁྱུང་མཁའ་ལྡིང་རྙི་ལ་འཛིན་ཐབས་མེད། སྟག་དམར་ཡག་ཐག་པས་འདོཊ་ཐབས་མེད།

    ※ མིག་མེད་པའི་ལོང་བ་ཐང་གང་རེད། གཏམ་མི་ཤེས་ལྐུགས་པ་ཁྱུ་གཅིག་རེད།

    ※ ཐིགས་པ་བསགས་ན་རྒྱ་མཚོ། ས་རྡུལ་བསགས་ན་རི་རབ།

    ※ རྒྱུ་འགྲོ་ས་རྒྱལ་པོའི་བང་མཛོད། ཆུ་འབབ་ས་ལུང་པའི་སུམ་མདོ།

    ※ རྩུབ་པོ་ཤིང་ལ་མི་འགྲོ། འཇམ་པོ་བལ་ལ་མི་འགྲོ།

    ※ ལོང་བ་མཐོང་རྒྱ་ཆེ། འོན་པ་ཐོས་རྒྱ་ཆེ།

    ※ རིང་ཐུང་འཇལ་བས་ཤེས། ཡག་ཉེས་དཔྱད་པས་ཤེས།

    ※ མེ་སྟག་ཆུང་དུས་མ་བསད་ན། ནགས་རི་མེ་ལ་ཤོར་ཉེན་ཡོད།

    ※ བྱེའུ་ཆུང་གསུང་སྐད་སྙན་ཡང་། སྐུ་ཤ་རྒྱ་སྲང་དོ་རེད།

    ※ རྟོཊ་ལྡན་མི་གཅིག་ལག་གཅིག ཇག་པ་མི་མང་ལག་མང་།

    ※ གྲོགས་བཟང་པོ་སྨན་གྱི་ལྗོན་ཤིང་རེད། གྲོགས་ངན་པ་དུག་གི་སྡོང་པོ་རེད།

    ※ རྣོ་མེད་རལ་གྲི་དབྱུག་པ་འདྲ། འགྲོས་མེད་འདོ་བ་གླང་རྒན་འདྲ།

    ※ དབང་ཆེན་རི་ལ་མ་ཤོར་བ་དང་། ཉམ་ཆུང་སྒོ་རྒྱབ་ཏུ་མ་ལུས་པ།

    ※ སྐྱིད་ན་ནམ་མཁའི་བྱ་ཡང་འཁོར། སྡུག་ན་མཆན་གྱི་བུ་ཡང་བྲོས།

    ※ ཁ་ཆེ་རུང་སྣ་བའི་འོག་ན་ཡོད། ཆུ་ཆེ་རུང་ཟམ་པའི་འོག་ལ་ཡོད།

    ※ ཁ་མཆུ་ཏོ་ཟུར་གསུམ་གྱིས་རྫུན་མ་ལབ། ལག་མཛུབ་མོ་བཅུ་ཡིས་རྐུ་མ་རྒྱག

    ※ རྒྱ་མཚོར་མེ་འབར་ན་གསོད་པའི་ཆུ་མི་རག རྡོ་ལ་སྤུ་སྐྱེས་ན་བཞར་བའི་གྲི་མི་རག

    ※ ང་རྒྱལ་གྱི་བྲག་འབུར་སྟེང་། ཡོན་ཏན་གྱི་ཆུ་མི་ཆགས།

    ※ ཆུང་དུས་འོ་མའི་གསོ་སྐྱོང་མེད་པ་ལ། ཤི་ཁར་ཐུག་པའི་སྐྱེལ་མ་དགོས་ཡས་མེད།

    ※ བདེན་པ་མར་ཡིན་ཡང་མི་ཞུར། རྫུན་མ་ལྕགས་ཡིན་ཡང་མཐིལ་བརྡོལ།

    ※ བྱ་མེད་སར་བོང་བུས་ནམ་ཚོད་དང་། ཁྱི་མེད་སར་ཞི་མིས་རུས་པ་མུར།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།