གྲོང་ཁྱེར་དང་རྫོང་གི་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་གྲུབ་འབྲས་སྤེལ་རེས་བྱེད་སྒོ་སྐབས་དང་པོ་ནག་ཆུར་སྤེལ་བ།
ཉེ་ཆར“སྒྱུ་རྩལ་གྱི་བློ་ཁ་ཏང་ལ་ཕྱོགས·སྒྱུ་རྩལ་འགྲེམས་སྟོན་སོག་རྫོང་དུ་བྱེད”ཅེས་པའི་ཆེད་དོན་འགྲེམས་སྟོན་དང་གྲོང་ཁྱེར་དང་རྫོང་གི་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་གྲུབ་འབྲས་སྤེལ་རེས་བྱེད་སྒོ་སྐབས་དང་པོ་ནག་ཆུར་སྤེལ་བ་རེད། ས་གནས་ས་ཐོག་ཏུ་མང་ཚོགས་དང་འབྲེལ་འདྲིས་ཆེ་བ་དང་བརྩེ་བ་ལྡན་པའི་རིག་རྩལ་བརྩམས་ཆོས་རེ་རེ་ལས་དུས་རབས་གསར་པའི་སོག་རྫོང་གི་རིག་རྩལ་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་རྣམ་པ་གསར་པ་གང་ལེགས་མངོན་ཡོད།
ད་ཐེངས་ཀྱི་འགྲེམས་སྟོན་ནང་ཁྱོན་གསར་བརྗེའི་རིག་གནས་དང་། མི་རིགས་མཐུན་སྒྲིལ། མི་ཆོས་རིག་གནས་གོམས་སྲོལ། སྐྱེ་ཁམས་ཁོར་ཡུག མངོན་མིན་རིག་གནས་ཤུལ་བཞག་བཅས་འགྲེམས་ཁུལ་ཆེན་པོ་ལྔ་བཙུགས་ནས་ཡིག་རིས་དང་། པར་ལེན། མངོན་མིན་རིག་གནས་ཤུལ་བཞག་གི་འགྲེམས་དངོས་སོགས་ཀྱི་རྣམ་པའི་ཐོག་ནས་ཏང་གི་འགོ་ཁྲིད་འོག་སོག་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན། སྐྱེ་ཁམས་སྲུང་སྐྱོང་གི་ཕན་འབྲས། ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་གྱི་གྲུབ་འབྲས་བཅས་ཕྱོགས་ཡོངས་ནས་མངོན་ཏེ། སོག་རྫོང་གི་བུ་ཕྲུག་ཚོས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་བསམ་པའི་ཉམས་འགྱུར་གསོན་ཉམས་དོད་པོས་མཚོན་ཡོད་པ་རེད།
བྱེད་སྒོ་སྤེལ་བའི་ཉིན་མོར་ནག་ཆུ་གྲོང་ཨུད་དྲིལ་བསྒྲགས་པུས་ད་དུང་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྒྲིག་འཛུགས་བྱས་པ་དང་། ཏང་ཡོན་ལས་བྱེད་པས་ས་གནས་ས་ཐོག་གི་མང་ཚོགས་དང་མཉམ་དུ་འགྲེམས་ཁུལ་ཁག་ལ་བལྟས་ནས་མྱོང་ཚོར་སྤེལ་རེས་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།