དབུ་ཤོག>བོད་ཀྱི་རིག་གནས།
  • ལྗོངས་ཡོངས་ཀྱི་རིག་དངོས་དང་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལས་དོན་ལ་ཕན་འབྲས་གསར་པ་ཐོན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-04-10

    ཉེ་ཆར་གསར་འགོད་པར་2026ལོའི་ལྗོངས་ཡོངས་ཀྱི་རིག་དངོས་ཅུས་ཀྲང་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་། ལྗོངས་ཡོངས་ཀྱི་རིག་དངོས་ཁོངས་གཏོགས་ཀྱི་ལས་དོན་ཁག་ལ་ཕན་འབྲས་གསར་པ་ཐོན་ཅིང་། 2025ལོའི་ལྗོངས་ཡོངས་ཀྱི་རྟེན་མཛོད་ཁང་ཚན་པས་སྣེ་ལེན་ཞུས་པའི་མི་ཐེངས་ཁྲི་400ཟིན་པ་དང་། མ་བུ་མཚོའི་རྗེས་ཤུལ“རྒྱལ་ཡོངས་ཀྱི་གནའ་རྫས་རྟོག་ཞིབ་ཀྱི་གསར་རྙེད་ཆེན་པོ་བཅུའི”གྲས་སུ་བདམས་པ། ས་མཐོའི་བུད་མེད་ཀྱི་གནའ་རྫས་རྟོག་ཞིབ་རུ་ཁག་ལ“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ”དང“རྒྱལ་ཡོངས་ཀྱི་གསུམ་བརྒྱད་དར་དམར་མཉམ་སྡེབ”ལ་བདམས་པ། རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་སུའོ“རྒྱལ་ཡོངས་ཀྱི་ཤེས་དཔལ་ཚན་པར”བདམས་པ་བཅས་རེད།

    གནའ་རྫས་རྟོག་ཞིབ་ལས་དོན་ལ་གཏམ་བཟང་ཡང་ཡང་གྲགས་ཤིང་། འདས་ཟིན་པའི་ལོ་ལྔའི་རིང་། རང་སྐྱོང་ལྗོངས་རིག་དངོས་ཅུས་ཀྱིས་གནའ་རྫས་རྟོག་ཞིབ་ལས་དོན“གནའ་རྫས་རྟོག་ཞིབ་ཀྲུང་གོའི”རྣམ་གྲངས་གལ་ཆེན་གྱི་བཀོད་པའི་ནང་བཅུག་ནས་ཀྲུང་དབྱང་དང་ས་གནས་མཐུན་སྦྱོར་དང་། སློབ་གྲྭ་དང་ས་གནས་མཉམ་ལས་ཀྱི་ལམ་སྲོལ་རྒྱུན་མཐུད་ཟབ་ཏུ་བཏང་སྟེ་མཚོ་བོད་ས་མཐོའི་མིའི་རིགས་ཀྱི་འབྱུང་ཁུངས་དང་། ཞིང་འབྲོག་ལས་ཀྱི་འབྱུང་ཁུངས། མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་སོགས་ལོ་རྒྱུས་ཀྱི་བརྗོད་གཞི་གལ་ཆེན་ལ་དམིགས་པ། རང་འགུལ་སྐུལ་སློང་བྱས་པའི་གནའ་རྫས་རྟོག་ཞིབ་ཀྱི་སྔོག་འཚོལ་རྣམ་གྲངས་ཁག་45ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་དངོས་དཔང་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་སྣ་མང་གཞི་གཅིག་གི་ལོ་རྒྱུས་བཀོད་པ་ར་སྤྲོད་བྱས་ཡོད།

    གསར་འགོད་པར་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ལྗོངས་ཡོངས་ཀྱི་རིག་དངོས་ཁོངས་གཏོགས་དེ་རྨང་གཞི་ཉམས་ཞན་ནས་མ་ལག་འཐུས་སྒོ་ཚང་བའི་ཕྱོགས་སུ་བསྐྱོད་པ་དང་། མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོང་གཙོ་བོར་བྱེད་པ་ནས་མྱུར་སྐྱོབ་རང་བཞིན་དང་སྔོན་འགོག་རང་བཞིན་གྱི་སྲུང་སྐྱོང་གལ་ཆེ་མཉམ་འཛིན་བྱེད་པར་བསྒྱུར་བ། རིག་དངོས་རྐྱང་པ་སྲུང་སྐྱོབ་བྱེད་པ་ནས་སྲུང་སྐྱོབ་དང་བེད་སྤྱོད་མཐུན་སྦྱོར་འཕེལ་རྒྱས་གཏོང་བར་རིམ་སྤོར་བྱས་པ་བཅས་ཀྱི“མཆོང་སྐྱོད་ཆེན་པོ་གསུམ”མངོན་འགྱུར་བྱུང་ཡོད། ལྗོངས་ཡོངས་ཀྱིས་རིག་དངོས་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་ཐེངས་1500ལྷག་ཙམ་རྒྱ་ཁྱབ་སྤེལ་བས། རིག་དངོས་སྲུང་སྐྱོབ་ཀྱི་ཕན་འབྲས་ལས་མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་དེ་བས་མང་བ་ཐོབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།