དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ཐོལ་བྱུང་གི་གླུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  གཟི་བཀྲ་ཤིས།   |     སྤེལ་དུས།  2026-04-07

    དགའ་བ་ལ།

    ལས་དང་སྨོན་ལམ་བཟང་པོས་གཞི་བཟུང་ཞིང་། །

    མི་ལུས་རིན་ཆེན་ཐོབ་པས་གྲོགས་བྱས་ཏེ། །

    ཕ་མ་མིག་རྒྱང་རིང་པོས་མཚམས་སྦྱར་བས། །

    ཀུན་ཀྱང་ཤེས་རིག་སྦྱོང་འདི་དགའ་བ་ལ། །

    སྐྱིད་པ་ལ།

    ཉེས་མེད་རི་དྭགས་ཕ་མ་བུ་གསུམ་པོ། །

    བདག་མེད་རྩྭ་ཆུར་ཅི་དགར་རོལ་བ་ལ། །

    འཆོར་མེད་མེ་མདའི་རྒྱོབ་གསོད་མེད་པ་ཡིས། །

    འཚེ་མེད་ཞི་བདེས་འཚོ་འདི་སྐྱིད་པ་ལ། །

    སེམས།

    ཚོད་མེད་གཞན་རྗེས་འབྲངས་པ་དར་སོ་དང་། །

    རང་སེམས་རང་གིས་གསོ་བ་སྟེར་བཟོ་སྟེ། །

    བློ་གཏད་ཚོན་ལ་བཅོལ་ནས་མཛེས་བཟོ་བྱེད། །

    དོན་དུ་མི་བཟོ་དགུ་བཟོ་སེམས་ཀྱིས་བཟོ། །

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།