བཤེས་གཉེན་དམ་པ།
རིག་གཞུང་ཆུ་སྐྱེས་བཅུད་ཀྱི་རོལ་མཚོ་ལ། །
རིག་པའི་རྩལ་འགྲན་མ་རིག་སྦགས་བཙོག་སེལ། །
རིག་ལྡན་གདུལ་བྱ་སྦྲང་བུའི་ཚོགས་རྣམས་ཀྱིས། །
རིག་པའི་གནས་ལ་གཤོག་རྩལ་ཅི་དགར་ངོམ། །
ཤེས་བྱ་མཐའ་མེད་ལྷ་ལམ་ཡངས་མོའི་ངོས། །
ཤེས་རིག་བདུད་རྩིའི་སྦྲང་ཆར་འཇོ་བར་འབད། །
ཤེས་ཡོན་ཨུཏྤལ་སྐྱེད་ཚལ་སྟུག་པོ་རུ། །
ཤེས་དཔལ་རིན་ཐང་ཟེའུ་འབྲུ་འཐུ་བར་བྲེལ། །
རབ་དཀར་ཀེ་ལ་ཤ་ཡི་མུ་ཁྱུད་མཛེས། །
རབ་བརྩེགས་ཕུན་ཚོགས་རྡུལ་མང་གཟི་དཔལ་ཆེ། །
རབ་མང་སྣོད་ལྡན་སློབ་བུ་སྐར་མའི་ཚོགས། །
རབ་མཛེས་བཤེས་གཉེན་གམ་དུ་སྒོ་གསུམ་བཏུད། །
ལོག་རྟོག་ཐེ་ཚོམ་རྨོངས་པའི་བླང་དོར་དང་། །
ལོག་སྒྲུབ་ལོག་སྨྲ་ཚར་དུ་གཅོད་པའི་མགོན། །
ལོག་འདྲེན་ལེགས་ཉེས་མི་ཤེས་བླུན་པོའི་ཚོགས། །
ལོག་པའི་ལམ་ལས་སྐྱོབ་པ་ཨེ་མ་མཚར། །
འབྲེལ་ཡོད་གསར་འགྱུར།