སྤོས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་གསོ་སྐྱོང་གི་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་པ།
ཉེ་ཆར། བོད་རང་སྐྱོང་ལྗོངས་སྤུས་ཚད་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་སྤོས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་གསོ་སྐྱོང་གི་གསོ་སྦྱོང་འཛིན་གྲྭ་ལྷ་སར་སློབ་འགོ་ཚུགས་པ་རེད། ད་ཐེངས་གསོ་སྦྱོང་གི་དུས་ཡུན་ཉིན་10ཡིན་པ་དང་། གསོ་སྦྱོང་དེ་སྤོས་བཟོ་མཁན་གཞོན་ནུ་དང་། མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ། ཁེ་ལས་ཀྱི་ལག་རྩལ་རྐང་འཛིན་པ་སོགས་ལ་དམིགས་པ་རེད།
བོད་རང་སྐྱོང་ལྗོངས་སྤུས་ཚད་མཐུན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བས། ད་ཐེངས་ཀྱི་གསོ་སྦྱོང་ནང་ལག་རྩལ་རྒྱུན་འཛིན་དང་། ཚད་གཞི་ཚད་ལྡན། ཁྲོམ་ར་གཉེར་སྐྱོང་སོགས་ལ་དམིགས་ནས་སློབ་ཚན་གཏན་འཁེལ་བྱས་ཏེ་སློབ་མའི་རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་མཐོ་རུ་དང་སློབ་མའི་མཐོང་རྒྱ་ཆེ་རུ་གཏོང་རྒྱུར་རམ་འདེགས་བྱ་རྒྱུ་ཡིན་པ་རེད། སློབ་མ་ཚོས་གོ་སྐབས་ལ་གཅེས་སྤྲས་དང་སྦྱངས་པ་དག་ཕ་ཡུལ་དུ་ཁྱེར་ནས་སྤོས་ཀྱི་མངོན་མིན་རིག་གནས་ཤུལ་བཞག“སོར་རྩེའི་དཔལ་འབྱོར”དུ་འགྱུར་བར་བྱས་ཏེ་རིག་གནས་རྒྱུན་འཛིན་དང་མཐའ་མཚམས་གྲོང་གསེབ་དར་རྒྱས་གཏོང་བར་རམ་འདེགས་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།
འབྲེལ་ཡོད་གསར་འགྱུར།