དབུ་ཤོག>བོད་ཀྱི་རིག་གནས།>མངོན་མིན་རིག་གནས་ཤུལ་བཞག>གླིང་སྒྲུང་།
  • ནག་ཆུར་གླིང་སྒྲུང་ཤོད་མཁན་བུད་མེད་སྒྲུང་པ་ལྔ་འདུག

  • ཡོང་ཁུངས།   བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།    |     སྤེལ་དུས།  2026-03-30

    གསར་འགོད་པར་ནག་ཆུ་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། གླིང་སྒྲུང་གི་བུད་མེད་སྒྲུང་པ་སྲིང་ཆུང་གི་མི་སྒེར་གྱི་སྒྲུང་དེབ་གསར་དུ་དཔེ་སྐྲུན་བྱས་པ་དང་། དེ་ནི་ས་གནས་དེ་གའི་སྒྲུང་དེབ་ཡོད་པའི་བུད་མེད་སྒྱུ་རྩལ་པ་དང་པོ་ཡིན་ཞིང་། དེ་ལས་གླིང་སྒྲུང་གི་བུད་མེད་སྒྲུང་པ་ལོ་རྒྱུས་རང་བཞིན་གྱིས་མང་དུ་ཕྱིན་པ་མཚོན་གྱི་ཡོད།

    བུད་མེད་སྒྲུང་པ་སྲིང་ཆུང་།

    བུད་མེད་སྒྲུང་པ་སྲིང་ཆུང་གི་སྒྲུང་དེབ།

    གསར་འགོད་པར་ཤེས་རྟོགས་བྱུང་བར། མིག་སྔར་ནག་ཆུ་གྲོང་ཁྱེར་དུ་བུད་མེད་སྒྲུང་པ་5ཡོད་པ་དང་། གྲོང་ཁྱེར་ཡོངས་སུ“གླིང་སྒྲུང”གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་170ལྷག་ཙམ་ཡོད་པའི་ནང་རྒྱལ་ཁབ་རིམ་པའི་མི་4དང་། རང་སྐྱོང་ལྗོངས་རིམ་པའི་མི་13 གྲོང་ཁྱེར་རིམ་པའི་མི་54 རྫོང་ངམ་ཆུས་རིམ་པའི་མི་50 རིམ་པ་གཏན་འཁེལ་བྱ་རྒྱུ་ཡིན་པའི་གླིང་སྒྲུང་གི་རྒྱུན་འཛིན་པ་50བཅས་ཡོད་ཅིང་། དེ་ནི་རྒྱལ་ཡོངས་ཀྱི་གླིང་སྒྲུང་སྒྱུ་རྩལ་པ་མང་ཤོས་དང་། སྣ་ཁ་འཛོམས་ཤོས། སྒྲུང་དཔེ་མང་ཤོས་བཅས་ཀྱི་རྒྱུན་འཛིན་སྲུང་སྐྱོང་ཁུལ་ཞིག་རེད།

    བུད་མེད་སྒྲུང་པ་སྐལ་བཟང་མཚོ་མོ།

    ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་གྱིས་རང་སྐྱོང་ལྗོངས་རིམ་པའི་གེ་སར་རིག་གནས་ཁོར་ཡུག་སྲུང་སྐྱོང་ཁུལ་བསྐྲུན་རྒྱུ་དམ་འཛིན་བྱ་གཞིར་བྱས་ཏེ། “གླིང་སྒྲུང་སྒྱུ་རྩལ་པའི་ཕ་ཡུལ”གྱི་ལེགས་ཆར་བརྟེན་ནས་སྲུང་སྐྱོང་དང་། རྒྱུན་འཛིན། ཁྱབ་སྤེལ། བེད་སྤྱོད་བཅས་ཀྱི་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་བཏང་བས། གེ་སར་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

    སྒྲུང་པས་སྒྲུང་ཤོད་བཞིན་པ།

    སྒྲུང་ཁང་5བསྐྲུན་ནས“མི་ལྟེ་བར་བྱེད་པ་དང་སྒྲུང་ཁང་ལྟེ་གནས་སུ་བྱེད་པའི”རྒྱུན་འཛིན་བྱེད་སྟངས་ཤིག་ཆགས་ཡོད་ཅིང་། སྒྲུང་ཁང་ལ་རིམ་པ་དབྱེ་ནས་གཉེར་སྐྱོང་དང་། ཁྱད་ཆོས་མངོན་གསལ་དོད་པ། རྒྱུན་དུ་འཁྲབ་སྟོན་དང་སློབ་ཁྲིད་བཅས་བྱས་ཏེ་སྒྱུ་རྩལ་པ་ཚོར་ལས་སྟེགས་མཁོ་འདོན་དང་ཡོང་འབབ་བརྟན་པོ་ཡོང་བར་བྱས་པས། འགྲེམས་སྟོན་དང་། ཉམས་ལེན། དྲིལ་བསྒྲགས་བཅས་གཞི་གཅིག་ཏུ་འདུས་པའི་ཁྱད་ལྡན་རིག་གནས་ཀྱི་མཚོན་རྟགས་ཤིག་ཏུ་གྱུར་ཏེ། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་བྱེད་པར་རྨང་གཞི་བརྟན་པོ་བཏིང་ཡོད།

    སྒྲུང་པས་སྒྲུང་ཤོད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།