དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • མི་ཆུང་འགྱིང་གླུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     རྩོམ་པ་པོ།  ཨོ་རྒྱན་རྡོ་རྗེ།   |     སྤེལ་དུས།  2026-03-29

    ང་རང་། རི་བོ་པང་དུ་འདེགས་ནུས་པའི་ཕོ་རྒོད་ཅིག་མིན།

    རྒྱ་མཚོ་ཧུབ་ཀྱིས་འདྲེན་ཐུབ་པའི་འཇོན་ཐང་ཅན་ཞིག་ཀྱང་མིན།

    ང་རང་། འཇིག་རྟེན་མི་ཚོགས་ཀྱི་རྒྱ་མཚོའི་ཁྲོད་ན།

    མངོན་ཆུང་གི་ཆུ་ཐིགས་དང་འདྲ་བའི་ཉམ་ཆུང་མི་ཞིག་ལགས།

    དེ་འདྲ་ཡིན་ནའང་།

    ང་ལ་ང་རང་གི་ཕུགས་བསམ་ལྡན།

    ང་ལ་ང་རང་གི་བརྩེ་དུང་མཆིས།

    ང་རང་ཆུ་ཐིགས་ཇི་ལྟར་ཆུང་ནའང་།

    ངས་འཚོ་བའི་ཕ་བོང་ལ་ཁུང་བུ་འབིགས་ཐུབ་ལ།

    ངས་མི་ཚེའི་ཀྱག་ཀྱོག་གི་ལམ་བུ་རྐང་འོག་ཏུ་མནན་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།