འབྲོག་མོ།
སྦྲ་གྲུ་བཞིའི་ནང་གི་སྙིང་སྡུག །
ཆུང་མེ་ཏོག་འཐུ་བའི་བརྩེ་རོགས། །
འབྲི་གཡང་དཀར་འཚོ་བའི་སྤང་གི །
ངའི་སྙིང་ཁར་བཞད་པའི་མེ་ཏོག །
ཁྱོད་འབྲི་མོ་ལྷན་དུ་ཨེ་ཡོད། །
མཛེས་ལང་ཚོ་འཁྲུངས་པའི་ན་ཆུང་། །
ངའི་སྙིང་གའི་ཀློང་དུ་འཛུམ་པའི། །
དབྱར་ལྡུམ་རའི་མེ་ཏོག་འདྲ་བའི། །
འབྲོག་ཨ་ཆེན་ཐང་གི་གཡང་མོ། །
ངའི་སྙིང་གི་མེ་ཏོག་འཚོ་རོགས། །
འབྲི་ཐོད་དཀར་བཞོ་བའི་གཞོན་ནུ། །
མིག་ཁྲ་ཆུང་ཁྱུ་རིས་འཛུམ་པ། །
ཁྱོད་དྲན་པའི་སྣང་བའི་མཁའ་རུ། །
བློ་བརྩེ་སེམས་སྤྲིན་དཀར་འདབ་མ། །
འབྲོག་ལུ་གུ་འཚོ་བའི་ཐང་དུ། །
སྔོན་ལས་རླུང་ཞིག་གིས་དེད་སོང་། །
བརྩེ་ལྷ་མོ་ཁྱོད་ཀྱི་མདུན་དུ། །
ངའི་ཞེ་སེམས་ཁྲིད་པ་ཨེ་མཐོང་། །
འབྲེལ་ཡོད་གསར་འགྱུར།