བོད་བྱང་ཐང་དུ་གསར་བརྗེའི་རིག་རྩལ་འཁྲབ་སྟོན་བྱས་པ།

ཉེ་ཆར། རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གིས་གཙོ་གཉེར་བྱས་པ་དང་རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པས་འཁྲབ་སྟོན་བྱས་པའི་གཏམ་བརྗོད་ཟློས་གར《ཇོ་མོ་གླང་མ》ལྗོངས་ནང་ཁུལ་གྱི་སྐོར་སྐྱོད་འཁྲབ་སྟོན་ཐོག་མ་ནག་ཆུར་དངོས་སུ་འགོ་ཚུགས་པ་རེད། ནག་ཆུ་གྲོང་ཁྱེར་མ་འཇོག་ཐོག་བརྩེགས་ཁང་ཆེན་གྱི་གློག་བརྙན་ཁང་དུ་གསེར་རྙེད་ཆུས་ཀྱི་ལས་བྱེད་པ་དང་མང་ཚོགས་400ལྷག་ཙམ་གྱིས་གསར་བརྗེའི་རིག་རྩལ་འཁྲབ་སྟོན་ལ་བལྟས་ཤིང་། འདི་ནི་གཏམ་བརྗོད་ཟློས་གར《ཇོ་མོ་གླང་མ》འཁྲབ་བཞིན་པ།
འབྲེལ་ཡོད་གསར་འགྱུར།