བརྩེ་དུང་གི་ངོ་བོ་གཞན།
འུ་གཉིས་ནི་སྐར་ཚོགས་བཞིན་དུ་ཕན་ཚུན་ལ་ཐག་སྣེ་དུ་མས་མཐུད།
ཁྱོད་ཀྱི་སྡུག་བསྔལ་གྱི་ངོ་བོ་བདག་དང་འདྲེས་ཤིང་།
བདག་གིས་ཀྱང་མི་ཚེ་གཅིག་གི་སྐྱིད་སྡུག་ཁྱོད་ལ་བཅོལ།
ངེད་གཉིས་བར་དུ་ཐ་གུ་ཕྲ་མོ་ཞིག་གིས་བཀྱིགས་པ་འདྲ་སྟེ།
ངོ་བོ་གཅིག་ཏུ་ཐིམ་ནས་དབྱེ་བ་འབྱེད་དཀའ།
དེས་ན། ཁྱོད་ཀྱིས་ཀྱང་བདག་གཉིས་བར་དུ།
ཕན་ཚུན་གཅིག་སེམས་གཅིག་ལ་གཏད་པའི་ལྷག་བསམ་དྭངས་མ་ཞིག་ལས།
སྡུག་བསྔལ་གྱི་འཇིག་རྟེན་གཞན་ཞིག་མེད་པ་ཡིད་ལ་ངེས་རོགས།
འབྲེལ་ཡོད་གསར་འགྱུར།