དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ང་གཉིས་སླར་ཡང་འཕྲད་སྲིད་དམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  དགེ་གྲྭ་རྒྱལ།   |     སྤེལ་དུས།  2026-03-01

    དེ་རིང་འདི་ལྟར་མཇུག་རྫོགས་སོང་ངམ།

    ང་ལ་སླར་ཡང་ཞེས་པའི་གོ་སྐབས་ཤིག་ཡོད་དམ།

    གལ་ཏེ་ང་ལ་སླར་ཡང་ཞེས་པའི་གོ་སྐབས་ཤིག་ཡོད་ཚེ།

    ངས་ནམ་ཡང་ཁྱེད་རང་བློས་གཏོང་མི་སྲིད།

    དེ་རིང་འདི་ལྟར་རྒྱང་དུ་བཞུད་སོང་།

    ལོ་ཟླ་གང་མང་ཞིག་ལ་རེ་ཞིང་བསྒུགས་པའི་བརྩེ་བ་དང་དྲན་གདུང་།

    འདི་ལྟར་ནུབ་ཁའི་མཚམས་སྤྲིན་ལྟར་ཡལ་སོང་།

    ང་ལ་འཛུམ་གྱི་མེ་ཏོག་ཕྲན་བུ་གཏོར་རྗེས།

    ཐེ་ཚོམ་དང་ཕྱིར་བཤོལ་སྤུ་ཙམ་མེད་པར་རྒྱང་དུ་བཞུད་སོང་།

    ང་ལ་བཞག་པ་ནི་ཉིན་དང་མཚན། ལོ་དང་ཟླ་བ་བརྒྱུས་པའི་དྲན་གདུང་གི་བར་ཐག་ལས་ཅི།

    དེ་རིང་ནས་བཟུང་། འུ་གཉིས་ཀྱི་གཏམ་རྒྱུད་འདི་ལྟར་མཇུག་རྫོགས་སོང་ངམ།

    སླར་ཡང་འགྲིག་ཐབས་ཀྱི་མན་ངག་མེད་དམ། ས་དང་ཆུ། མེ་དང་རླུང་ནང་བཞིན་མཐུན་ཐབས་ཤིག་མེད་དམ།

    ང་ལ་མཚོན་ན་ཁྱེད་གང་དུའང་མ་སོང་བར། ལུས་དང་གྲིབ་མ་ཇི་བཞིན་ང་དང་ལྷན་དུ་ཡོད་སྣང་ཤར།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།