སུའུ་ཀྲོའུ་ཡི་འཚེམ་དྲུབ་མངོན་མིན་རིག་གནས་ཤུལ་བཞག་གི་ལག་རྩལ་རྒྱུན་འཛིན་པ་ལེང་ཞུའེ་ཧྥང་།
ཁབ་སྐུད་རེ་རེ་ལས་གྲུབ་པའི་འཚེམ་དྲུབ་ཀྱི་གཏམ་རྒྱུད།
ས་མཐོའི་ལྷ་བྱ་ཁྲུང་ཁྲུང་སྐེ་ནག་ལྟ་ན་སྡུག་པའི་སུའུ་ཀྲོའུ་ཡི་འཚེམ་དྲུབ་དང་འཕྲད་སྐབས། རང་བྱུང་ཁམས་དང་ཚེ་སྲོག་སྐོར་གྱི་བཙམས་ཆོས་ཤིག་ལྷ་སར་རྩོམ་འགོ་ཚུགས་པ་རེད།
ཉེ་ཆར། ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་། ལྷ་ས་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་དང་ལྷུན་གྲུབ་རྫོང་མི་དམངས་སྲིད་གཞུང་གིས་གཉེར་འགན་ཁུར་བའི“གནས་མཆོག་ལྷ་ས·ཁྲུང་ཁྲུང་མགྲིན་གླུ”ཞེས་པའི་བརྗོད་དོན་གཙོ་བོའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་མཉམ་འདྲེས་ཁྱབ་གདལ་གྱི་བྱེད་སྒོ་རབ་དང་རིམ་པ་hima himaཞི་མཱ་མགྲོན་ཚོམས་སུ་སྤེལ་ཞིང་། མངོན་མིན་རིག་གནས་ཤུལ་བཞག་སུའུ་ཀྲོའུ་ཡི་འཚེམ་དྲུབ་ཀྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ལེང་ཞུའེ་ཧྥང་ལྷ་སར་ཡོང་ནས་ཁབ་སྐུད་རེ་རེ་ལས་གྲུབ་པའི་འཚེམ་དྲུབ་ཀྱི་གཏམ་རྒྱུད་མཉམ་སྤྱོད་བྱས་པ་རེད།
སུའུ་ཀྲོའུ་ཡི་འཚེམ་དྲུབ་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དེ་ཁྲུན་ཆིའུ་ཀྲན་གོའི་དུས་སྐབས་སུ་ཁུངས་འདེད་ཆོག མིང་རྒྱལ་རབས་དང་ཆིང་རྒྱལ་རབས་ཀྱི་སྐབས་ཡུལ་དེ་གའི་ཁྱིམ་ཚང་རྣམས་ཀྱི་ཞོར་ལས་སུ་གྱུར་ནས“དུད་ཁྱིམ་ཚང་མས་དར་སྲིན་གསོ། དུད་ཁྱིམ་ཀུན་གྱིས་འཚེམ་དྲུབ་གཉེར”བའི་དར་འཕེལ་བྱུང་ཡོད། ལེང་ཞུའེ་ཧྥང་གིས་ངོ་སྤྲོད་བྱས་པ་ལྟར་ན། སུའུ་ཀྲོའུ་རུ་འཚེམ་དྲུབ་ནི་ལག་རྩལ་རྒྱུན་འཛིན་བྱེད་པ་ཞིག་ཡིན་པ་མ་ཟད། རྒྱུན་གཏན་འཚོ་བའི་ནང་འོ་ཆུ་འདྲེས་པ་ལྟར་གྱི་འཚོ་གནས་བྱེད་སྟངས་ཤིག་དེ་བས་ཀྱང་རེད།
རྒྱུན་གཏན་རང་བཞིན་དེ་ལས་འཚེམ་དྲུབ་དང་འཚོ་བ་ཟུང་འབྲེལ་གང་ལེགས་ཐུབ་ནས“འཚོ་བ་དོན་གཉེར”ཞེས་འབོད་པ་ནི་དེའི་འཚོ་བའི་ངོ་བོ་ཐད་ཀར་མཚོན་པ་ཞིག་རེད། དེར་བརྟེན་ད་རེས་ཀྱི་མཉམ་སྤྱོད་བྱེད་སྒོའི་བརྗོད་དོན་གཙོ་བོ་ནི“ང་ཚོས‘འཚོ་བ་འདི་ལྟར་དོན་གཉེར’བྱེད་པ་སྟེ། སུའུ་ཀྲོའུ་འཚེམ་དྲུབ་མངོན་མིན་རིག་གནས་ཤུལ་བཞག་གི་ལག་རྩལ་རྒྱུན་འཛིན་པའི་ཚེ་སྲོག་གི་གཏམ་རྒྱུད”ཅེས་པ་དེ་ཡིན།
ད་ཆ“དགུན་དུས་བོད་དུ་ཡུལ་སྐོར”ཡོང་བར་ཚ་ཚ་འུར་འུར་ངང་སྐུལ་སྤེལ་གཏོང་བཞིན་ཡོད་ཅིང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་གོམ་སྟབས་རྒྱུན་ཆད་མེད་པར་ཇེ་མགྱོགས་སུ་འགྲོ་བཞིན་པའི་རྒྱབ་ལྗོངས་དེའི་འོག“གནས་མཆོག་ལྷ་ས·ཁྲུང་ཁྲུང་མགྲིན་གླུ”ཞེས་པའི་བརྗོད་དོན་གཙོ་བོའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་མཉམ་འདྲེས་ཁྱབ་གདལ་གྱི་བྱེད་སྒོ་རབ་དང་རིམ་པའི་ནང་མངོན་མིན་རིག་གནས་ཤུལ་བཞག་སུའུ་ཀྲོའུ་འཚེམ་དྲུབ་ཀྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ལེང་ཞུའེ་ཧྥང་ལྷ་སར་ཆེད་མངགས་གདན་འདྲེན་ཞུས་པ་རེད། ཁོང་གིས་ཡུལ་འདི་གའི་རིག་གནས་མཁས་དབང་དང་མངོན་མིན་རིག་གནས་ཤུལ་བཞག་གི་སྒྱུ་རྩལ་མཁས་ཅན་དང་སྤེལ་རེས་བྱས་ནས་ལྷ་སའི་རིག་གནས་ཁྲོད་ཀྱི་ཁྲུང་ཁྲུང་སྐེ་ནག་གི་ཐུན་མོང་མ་ཡིན་པའི་གནས་བབ་དང་ཕུན་སུམ་ཚོགས་པའི་ནང་དོན་ལ་ཤེས་རྟོགས་བྱས་ཏེ་གསར་རྩོམ་གྱི་རིག་པ་ཐོལ་སྐྱེས་བསྡུ་ལེན་བྱས་པ་རེད།
ལེང་ཞུའེ་ཧྥང་གིས“གསར་རྩོམ་རྒྱུ་ཆ་འཚོལ་བསྡུ་བྱས་རྗེས་ངའི་གསར་རྩོམ་གྱི་སྒྲོམ་གཞི་རགས་ཙམ་གྲུབ་སོང་། ཉིན་འགའི་རྗེས་སུ་སུའུ་ཀྲོའུ་རུ་ལོག་ནས་གསར་རྩོམ་བྱེད་ཀྱི་ཡིན། ངས་བྱས་ན། དེ་ནི་སུའུ་ཀྲོའུ་འཚེམ་དྲུབ་ལག་རྩལ་སྤྱོད་པ་ཙམ་མ་ཡིན་པར་ད་དུང་བོད་རང་གི་མངོན་མིན་རིག་གནས་ཤུལ་བཞག་ལག་རྩལ་མཉམ་འདྲེས་བྱས་པའི་བརྩམས་ཆོས་ཤིག་ཡིན་སྲིད། གསར་རྩོམ་འགྲུབ་རྗེས་ངས་འཆར་གཞི་ལྟར་བརྩམས་ཆོས་དེ་ལྷ་ས་གྲོང་ཁྱེར་གྱི་རིག་གནས་ལས་ཁུངས་ལ་ཞལ་འདེབས་སུ་འབུལ་རྒྱུ་ཡིན”ཞེས་བརྗོད་པ་རེད།
མངོན་མིན་རིག་གནས་ཤུལ་བཞག་ནི་འབྲེལ་མཐུད་ཡིན། འདབ་ཆགས་ཁྲུང་ཁྲུང་སྐེ་ནག་ནི་འབྲེལ་ཐག་ཡིན། ལེང་ཞུའེ་ཧྥང་གིས་སུའུ་ཀྲོའུ་ཡི་ཁྱད་དུ་འཕགས་པའི་སྒྱུ་རྩལ་གྱི་ཡིད་དབང་འཕྲོག་ཤུགས་ལ་བརྟེན་ནས་ལྷ་སའི་ཁྲུང་ཁྲུང་སྐེ་ནག་གི་རིག་གནས་དེ་རྣམ་པ་གསར་རྐྱང་དང་སྒྱུ་རྩལ་གྱི་ཡིད་དབང་འཕྲོག་ཤུགས་ལྡན་པའི་ཐོག་ནས་མངོན་པ་དང་། ལྷ་སའི་ས་ཁོངས་ཀྱི་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུར་སྐུལ་མ་ཐེབས་ཏེ་སྐྱེ་བོ་མང་པོར་ལྷ་སའི་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་རིག་གནས་ལ་ཤེས་རྟོགས་དང་དོ་ཁུར་ཐུབ་པར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།