ལྷ་ས་གྲོང་ཁྱེར་དཔེ་མཛོད་ཁང་གིས་མ་བུ་མཉམ་ཞུགས་ཀྱི་བྱེད་སྒོ་སྤེལ་ནས་དུས་ཆེན་གྱི་རིག་གནས་རྒྱུན་འཛིན་བྱས་པ།
ཉེ་ཆར། ལྷ་ས་གྲོང་ཁྱེར་དཔེ་མཛོད་ཁང་གི་ཐོག་སོ་བཞི་པའི་བྱེད་སྒོ་ཁང་དུ“ལག་ཆུང་གིས་སྐྲ་རྒྱན་བཟོས། ལོ་གསར་གྱི་རྟེན་འབྲེལ་མཚོན”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་མ་བུ་མཉམ་ཞུགས་ཀྱི་ལག་ཤེས་བཟོ་རྩལ་གྱི་བྱེད་སྒོ་སྤེལ་ཞིང་། ཁྱིམ་ཚང་14མཉམ་དུ་འཛོམས་ཏེ་ཤོག་བྱང་དྲས་པ་དང་གསར་གཏོད་ཁྲོད་ནས་ལག་ཤེས་ཀྱི་སྤྲོ་སྣང་ཉམས་སུ་མྱངས་པ་དང་། རང་རང་གིས་བཟོ་བ་དང་མ་བུ་མཉམ་དུ་བཟོ་བའི་བྱ་ཐབས་ཐོག་ནས་དཔྱིད་གསར་དུས་ཆེན་དགའ་བས་བསུས་པ་རེད།
ད་ཐེངས་ཀྱི་བྱེད་སྒོས“ཕྱྭ་གཡང”བརྗོད་དོན་གཙོ་བོར་བྱས་ཏེ། ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཀྱི་ཁྱད་ཆོས་ལག་ཤེས་གསར་རྩོམ་ནང་ཡག་པོ་བཅུག་ཡོད། དཔེ་མཛོད་ཁང་གིས་ལག་ཤེས་བཟོ་རྩལ་གྱི་བྱེད་སྒོ་འདི་འདྲ་ཞིག་དམིགས་སུ་བཀར་ནས་ཇུས་འགོད་བྱས་པའི་དམིགས་ཡུལ་ནི། ལོ་གསར་གྱི་རྣམ་པ་ཟབ་མོ་དང་དགོད་བྲོ་བའི་མཉམ་ལས་བརྒྱུད་ཁྱིམ་ཚང་ལ་མཛའ་མཐུན་མཉམ་འགུལ་གྱི་ལས་སྟེགས་ཤིག་བཏོད་པ་དང་ཆབས་ཅིག ཉམས་ལེན་དང་གསར་གཏོད་ཁྲོད་སྲོལ་རྒྱུན་དུས་ཆེན་གྱི་རིག་གནས་རྒྱུན་འཛིན་བྱ་རྒྱུར་སྐུལ་འདེད་གཏོང་ཆེད་ཡིན་པ་རེད།
བྱེད་སྒོར་དང་ཐོག“རིག་གནས་སློབ་ཁང་ཆུང་ངུའི”བྱེད་སྒོ་སྤེལ་ཞིང་། དགེ་རྒན་གྱིས་གསོན་ཉམས་ལྡན་ལ་གྲུང་ཤ་དོད་པའི་རྣམ་པའི་ཐོག་ནས་ཁྱིམ་བདག་དང་ཕྲུ་གུ་ཚོར“ཕྱྭ་གཡང”རིག་གནས་ཀྱི་ནང་དོན་དང་དེ་བཞིན་སྤྲིན་བཟང་དང་། རྒྱ་ཡིག“ཧྥུའུ” ཀྲུང་གོའི་དར་མདུད་སོགས་སྲོལ་རྒྱུན་ཁྱད་ཆོས་ཀྱི་མཚོན་དོན་ངོ་སྤྲོད་བྱས་པ་རེད། ཕྲུ་གུ་ཚོས་ནན་ཏན་ངང་ཉན་པ་མ་ཟད“ཕྱྭ་གཡང”ལ་འཛིན་པའི་རང་ཉིད་ཀྱི་ངོས་འཛིན་མཉམ་སྤྱོད་བྱས་པས། བྱེད་སྒོ་སྤེལ་སར་ཧ་ཅང་འཁྲུག་པོ་ཡོད་པ་རེད།
ད་ཐེངས་ཀྱི་བྱེད་སྒོར་རིག་གནས་འགྲེལ་བཤད་དང་ལག་ཤེས་བརྩམས་ཆོས་ངོམ་སྟོན་ཟུང་འབྲེལ་བྱས་པ་བརྒྱུད། ཕྲུ་གུ་ཚོས་ལག་ཤེས་གསར་རྩོམ་གྱི་སྤྲོ་སྣང་ཚོར་ཐུབ་པ་བྱུང་བ་མ་ཟད། དེ་བས་བརྩེ་བ་ཟབ་པའི་ཕ་མ་བུ་ཕྲུག་གི་མཉམ་འགུལ་ཁྲོད་སྲོལ་རྒྱུན་གྱི་བཀྲ་ཤིས་མཚོན་དོན་གྱི་རིག་གནས་ཤེས་རྟོགས་གཏིང་ཟབ་ཐུབ་ནས། ལོ་གསར་དགའ་བས་བསུ་བར་རིག་གནས་ཀྱི་རྣམ་པ་ཟབ་མོ་བཏོད་པ་དང་གཉེན་ཉེའི་བརྩེ་སེམས་ཟབ་མོས་ཕྱུག་པར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།