དབུ་ཤོག>བོད་ཀྱི་རིག་གནས།>གསར་འགྱུར་ལྟེ་གནས།
  • 2026ལོའི་ཀྲུང་གོའི་དཔྱིད་གསར་དུས་ཆེན་གྱི་བོད་ཀྱི་རིག་གནས་པར་རིས་ཝི་ཨེན་ན་རུ་འགྲེམས་སྟོན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-02-24

    2026ལོའི་ཀྲུང་གོའི་རྟ་ལོའི་དཔྱིད་གསར་དུས་ཆེན་རིང་། “2026ལོའི་ཀྲུང་གོའི་དཔྱིད་གསར་དུས་ཆེན་གྱི་བོད་ཀྱི་རིག་གནས་པར་རིས་འགྲེམས་སྟོན”ཨོ་སི་ཁྲུ་རི་ཡ་ཝི་ཨེན་ནའི་ཀྲུང་གོའི་དཔྱིད་གསར་སྐོར་འཁྲབ་དང་ཚོགས་མཆོད་ཐོག་བྱས་པ་རེད།

    ཐེངས་འདིའི་འགྲེམས་སྟོན་ཐོག་ཁྱོན་པར་རིས་30ལྷག་ཙམ་འགྲེམས་སྟོན་བྱས་པའི་དམིགས་ཡུལ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ལ་བོད་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་ངོ་མ་དང་ས་གནས་དེ་གའི་མི་དང་རང་བྱུང་ཞི་མཐུན་མཉམ་གནས་ཀྱི་འཚོ་བའི་རྣམ་པ་མངོན་པར་བྱེད་པ་དང་ཆབས་ཅིག དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས། ཁོར་ཡུག་སྲུང་སྐྱོང་སོགས་ཕྱོགས་མང་པོ་ནས་བོད་ཀྱི་བྱ་གཞག་ཁག་ལ་ཐོབ་པའི་ཕྱོགས་ཡོངས་རང་བཞིན་གྱི་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་མངོན་པར་བྱ་རྒྱུ་དེ་ཡིན་ཞིང་། དེ་ལ་ས་གནས་དེ་གའི་དམངས་ཚོགས་ཀྱི་དོ་ཁུར་རྒྱ་ཁྱབ་ཐོབ་ཡོད་པ་རེད། ཨོ་སི་ཁྲུ་རི་ཡར་སྡོད་མཁན་ཀྲུང་གོ་བ་དང་དེ་བཞིན་ཨོ་སི་ཁྲུ་རི་ཡའི་གྲོགས་པོ་བརྒྱ་ཕྲག་ཁ་ཤས་ཀྱིས་པར་རིས་འགྲེམས་སྟོན་ལ་ལྟ་སྐོར་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིར་ཝི་ཨེན་ནར་གཉེར་བའི་པར་རིས་འགྲེམས་སྟོན་ནི“2026ལོའི་ཀྲུང་གོའི་དཔྱིད་གསར་དུས་ཆེན་གྱི་བོད་ཀྱི་རིག་གནས་འགྲེམས་སྟོན”ཡོ་རོབ་རིམ་སྤེལ་འགྲེམས་སྟོན་གྱི་ས་ཚིགས་དང་པོ་ཡིན་པ་དང་། རྗེས་མཐུད་པར་རིས་འགྲེམས་སྟོན་དེ་ད་དུང་ཧྥ་རན་སེའི་ཕ་རི་སི་དང་། དབྱི་ཐ་ལིའི་རོ་མ། པེར་ཀྲེམ་གྱི་པུ་རུ་སེར། འཇར་མན་གྱི་ཧྥ་ལན་ཁེ་ཧྥུའུ་སོགས་ཡོ་རོབ་ཀྱི་གྲོང་ཁྱེར་གཙོ་བོ་ཁག་ལ་གཅིག་རྗེས་གཉིས་མཐུད་ངང་གཉེར་རྒྱུ་ཡིན་པ་རེད།

    ཐེངས་འདིའི་ཡོ་རོབ་ཀྱི་རིམ་སྤེལ་པར་རིས་འགྲེམས་སྟོན་བརྒྱུད། ཡོ་རོབ་ཀྱི་ལས་རིགས་ཁག་ལ་བོད་ཀྱི་འཕེལ་རྒྱས་ཀྱི་གནས་ཚུལ་རྒྱུན་མཐུད་ངོ་སྤྲོད་བྱས་ཏེ། ཀྲུང་ཕྱིའི་དམངས་ཚོགས་ཀྱིས་བོད་འདི་ཉིད་ཤེས་རྟོགས་ཐུབ་ནས་ཀྲུང་ཕྱིའི་རིག་གནས་སྤེལ་རེས་ཟབ་ཏུ་འགྲོ་བར་སྐར་ཁུང་གལ་ཆེན་ཞིག་གཏོད་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།