མེ་ཕོ་རྟ་ལོའི་དཔྱིད་གསར་དུས་ཆེན་བསུ། ལྷན་རྒྱས་བཀྲ་ཤིས་བདེ་ལེགས་ཡོང་བར་སྨོན།
བོད་ལྗོངས་རྟེན་མཛོད་ཁང་དུ་དམིགས་བསལ་གྱི་ལོ་གསར་གོམས་སྲོལ་མྱོང་རོལ་བྱེད།

འདི་ནི་ཡུལ་སྐོར་བས་དགུ་ཐུག་གྲ་སྒྲིག་བྱེད་བཞིན་པ།
ཟླ་2ཚེས་16ཉིན་ནི་བོད་ཟླ་བཅུ་གཉིས་པའི་ཚེས་ཉི་ཤུ་དགུ་ཡིན་པས་བོད་ལྗོངས་རྟེན་མཛོད་ཁང་གིས“དགུ་ཐུག་མཆོད། དུས་བདེ་ཡོང་བར་སྨོན”ཞེས་པའི་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ་བྱེད་སྒོར་ཞུགས་མཁན་ཚོས་དགུ་ཐུག་བསྐོལ་བ་དང་དགུ་ཐུག་འཐུང་བ་སོགས་བྱས་ནས་དགུ་ཐུག་གི་དགུ་རྫས་མི་འདྲ་བའི་མཚོན་དོན་ལ་རྒྱུས་ལོན་བྱས་པ་མ་ཟད། ལོ་གསར་པའི་ནང་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཡང་ཞུས་པ་རེད། ཀྲེ་ཅང་ནས་ཡུལ་སྐོར་ལ་ཡོང་བའི་མཁྱེན་ལྡན་མ་ཞུའེ་ལགས་ཀྱིས་ལྷ་སར་ལོ་གསར་བཏང་ནས་བོད་ཀྱི་ལོ་གསར་གྱི་དམིགས་བསལ་རྣམ་པ་མྱོང་རོལ་བྱ་རྒྱུའི་གདམ་ག་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།