དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ཤིས་ཚིག་བཀྲ་ཤིས་ཉི་ཟླ།

    བསོད་ནམས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-02-18

    ལོ་ཟླ་གསར་པའི་རྟ་ལྗང་གཞོན་ནུ་འཛུམ། །

    ལོ་ཟླ་གསར་པའི་གཟའ་སྐར་འབྱུང་འཕྲོད་ལེགས། །

    ལོ་ཟླ་གསར་པའི་ལྟས་བཟང་ཡོད་རྒུ་འཛོམས། །

    ལོ་ཟླ་གསར་པའི་ལོ་བདག་མེ་རྟ་བརྗིད། །

    འགྲོ་ཀུན་མོས་པའི་བཀྲ་ཤིས་སྨོན་ལམ་དོན། །

    དོན་ཟབ་ཚིག་སྦྱོར་བདེ་ལེཊ་རྨད་བྱུང་ཉམས། །

    ཉམས་འགྱུར་སྟོང་ལྡན་ཕུན་སུམ་ཚོཊ་པའི་རྟགས། །

    རྟགས་བརྒྱད་རི་མོར་འགྲོཊ་ཏེ་འདི་སྐད་སྨྲས། །

    དུས་གཏན་འཛམ་གླིང་ཞི་བདེར་དགའ་བའི་མཆོག །

    བོད་འབངས་འདོད་འདུན་མཚོན་བྱེད་གསེར་གྱི་གདུཊ། །

    གྱི་ལིང་རྟ་ཕོས་བཏེགས་པས་ངོ་མཚར་ལྡན། །

    དགའ་སྐྱིད་རྟེན་འབྲེལ་འདི་ལས་ལྷག་པ་ཅི། །

    ནད་ཡམས་མུ་གེ་དམག་འཁྲུག་སྡུག་བསྔལ་ཀུན། །

    རང་དགར་ཞི་བར་སྤྲོ་བདེའི་མགྲིན་གསང་གླུ། །

    འཇིག་རྟེན་སྲིད་པའི་རྩེ་མོ་ཁ་བའི་ཡུལ། །

    བོད་ནས་ལེན་པའི་རྒྱལ་མཚན་དགུང་དུ་འཕྱར། །

    སྲིད་པའི་གངས་རིས་དབུ་འཕང་དགུང་ལ་བསྙེཊ། །

    གཙང་ཆབ་དྭངས་མས་ལྷུང་ལྷུང་འབབ་རྒྱུན་ངོམས། །

    མཚོ་འམ་མཚེའུས་གཡུ་གཞོང་རང་མདངས་འཛིན། །

    ཆུ་ཕྲན་གྱ་གྱུས་དཔལ་བེའུ་མཛེས་རིས་བསྟན། །

    དབང་སྔོན་མདངས་དང་གཉིས་སུ་མ་མཆིས་ཁར། །

    ཞོ་གསར་སྤུངས་དང་མཚུངས་པའི་སྤྲིན་འཁྲིགས་ཏེ། །

    འབྲུག་སྒྲར་བསྟུན་པའི་གར་སྟབས་སྦྱོང་བཞིན་པས། །

    ཆུ་སྐྱེས་པད་མས་མཐོ་སྒང་མཛེས་པར་བརྒྱན། །

    རི་རབ་ལྷུན་པོ་རྩི་ཤིང་ན་བཟས་བརྒྱན། །

    མཐའ་ཡས་རྩྭ་ཐང་དཀར་ནག་ཕྱུགས་ཀྱིས་བརྒྱན། །

    རི་སྐྱེས་སྲོག་ཆགས་འཚེ་མེད་ཞི་བདེས་བརྒྱན། །

    གསེར་ཉས་འཁྱུག་འགྲོས་རྐྱལ་རྩལ་ངོམས་པར་བྲེལ། །

    ནད་མེད་ཚེ་རིང་ལོ་བརྒྱ་མང་བའི་དུས། །

    དུས་བཟང་འདི་འདྲར་འཚོ་བའི་བོད་ཀྱི་མི། །

    མི་རིཊ་གཉེན་ཚན་ཀུན་དང་འཆམ་མཐུན་དབྱངས། །

    དབྱངས་སྙན་དུང་དཀར་ཁོང་ནས་འབུད་པར་ངེས། །

    བཤེས་གཉེན་ཐུགས་བཟང་བུམ་པ་གང་བྱོ་ཡིས། །

    ན་གཞོན་ལང་ཚོར་ཤེས་རིག་ནོར་བུས་བརྒྱན། །

    མ་འོངས་མདུན་ལམ་ཡངས་པ་གོ་ལའི་རྩེར། །

    ཤེས་ཡོན་ཅན་གྱི་ཆུ་གཏེར་རྒྱས་པར་ངེས། །

    རྒྱལ་དམངས་དཔལ་འབྱོར་འཕེལ་རྒྱས་ཡར་ངོའི་ཟླ། །

    ཆབ་སྲིད་བརྟན་ལྷིང་ཀུན་སེམས་ལྷོད་དུ་བབས། །

    གངས་ལྗོངས་རྒྱང་ལམ་གསར་པའི་ཕུཊ་འདུན་ཆེ། །

    གསེར་གྱི་འཁོར་ལོའི་འཕྲུལ་ལ་བཅིབས་པར་ངེས། །

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།