དབུ་ཤོག>བོད་ཀྱི་རིག་གནས།>ཆོས་ལུགས།
  • བོད་ལྗོངས་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི“ཁྲིམས་སྲོལ་སློབ་སྦྱོང་དང་། འདུལ་ཁྲིམས་སྲུང་བ། བློ་སྦྱོང་ལ་སྣང་ཆེན། གཟུགས་བརྙན་གཏོད་པ”བཅས་ཀྱི་སློབ་གསོའི་བྱེད་སྒོའི་སྐུལ་སྤེལ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-02-14

    ཚེས་11ཉིན་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱིས་ལྗོངས་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི“ཁྲིམས་སྲོལ་སློབ་སྦྱོང་དང་། འདུལ་ཁྲིམས་སྲུང་བ། བློ་སྦྱོང་ལ་སྣང་ཆེན། གཟུཊ་བརྙན་གཏོད་པ”བཅས་ཀྱི་སློབ་གསོའི་བྱེད་སྒོའི་སྐུལ་སྤེལ་ཚོགས་འདུ་ཐེངས་དང་པོ་འཚོགས་པ་རེད། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ། བོད་ལྗོངས་ནང་བསྟན་སློབ་གླིང་གི་ཡོན་ཀྲང་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་རེད།

    ཚོགས་འདུར་བསྟན་དོན། ད་ཐེངས་ཀྱི་སློབ་གསོའི་བྱེད་སྒོ་ནི“མྱོང་བརྒྱུད་བློ་སྦྱོང”གི་གོ་སྐབས་ཤིག་ཡིན་པས། ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་དོན་པས་སློབ་གསོའི་བྱེད་སྒོ་གོ་སྐབས་སུ་བྱས་ཏེ“རང་གསུམ”འཛུགས་སྐྱོང་ཟབ་ཏུ་དང་རྒྱུན་འཛིན་གྱི་གཞི་རྩ་བརྟན་དུ་བཏང་ནས“རང་གིས་རང་ལ་སློབ་གསོ་གཏོང་བ་དང་། རང་གིས་རང་ལ་དོ་དམ་བྱེད་པ། རང་གིས་རང་ལ་གཅུན་འདོམས་བྱེད་པ”བཅས་ཀྱི་འཇོན་ཐང་ཆེ་རུ་གཏོང་དགོས་པ་དང་། རང་ལྗོངས་ཀྱི་བོད་བརྒྱུད་ནང་བསྟན་གྱི་དྭངས་གཙང་རང་བཞིན་དང་དུས་རབས་ཀྱི་ཉམས་འགྱུར་ཐུན་མོང་ཐོག་སྲུང་སྐྱོང་གིས་མངོན་པར་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐུགས་ཁུར་གནང་ལུགས་དང་དད་ལྡན་མང་ཚོགས་ཀྱི་ཆོས་ལུགས་བརྩེ་བ་ཆུད་ཟོས་སུ་གཏོང་མི་རུང་བའི་ནན་བཤད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།