རྒྱན་གོས་རིག་གནས་ཕུན་སུམ་ཚོགས། གནམ་ལོ་གསར་པའི་ཉམས་བཟང་མངོན།
2026ལོའི་ལྷ་སའི་གནམ་ལོ་གསར་པའི་རྒྱན་གོས་ཤོམ་སྟོན་གྱི་མཐོང་ཐོས།

2026ལོའི་ལྷ་སའི་ལོ་གསར་གྱི་རྒྱན་གོས་ཤོམ་སྟོན་བྱེད་སར་ལྷ་སའི་ཞིང་འབྲོག་པའི་བུད་མེད་འཐུས་མིའི“གྲོང་ཚོའི་ཤོམ་སྟེགས”ཀྱི་རྫོང་རྒྱབ་ཀླུ་ཁང་བྱེད་སྒོ་སྤེལ་ཡུལ་ཡིན་པ།

བོད་ལྗོངས་མཛེས་རྩལ་ཁང་དུ་འགྲེམས་སྟོན་བྱས་པའི་ལྷ་སའི་རྫོང་དང་ཆུས་ཁག་གི་མཚོན་བྱེད་རང་བཞིན་གྱི་སྲོལ་རྒྱུན་རྒྱན་གོས་ཡིན་པ།

བོད་ལྗོངས་མཛེས་རྩལ་ཁང་དུ་འགྲེམས་སྟོན་བྱས་པའི་ལྷ་སའི་རྫོང་དང་ཆུས་ཁག་གི་མཚོན་བྱེད་རང་བཞིན་གྱི་སྲོལ་རྒྱུན་རྒྱན་གོས་ཡིན་པ།

ལྷ་སའི་བྱིས་པས་བོད་ལྗོངས་མཛེས་རྩལ་ཁང་དུ་རྒྱན་གོས་འགྲེམས་འཁྲབ་བྱེད་བཞིན་པ།

ལྷ་ས་གྲོང་ཁྱེར་གྱི་ཝང་ཧྥུའུ་ཅིང་ཚོང་ཟོག་ཉོ་སྒྲུབ་ལྟེ་གནས་སུ་སྤེལ་བའི་མྱུར་འཁྲབ་ཤོམ་སྟོན་ཡིན་པ།

འཁྲབ་སྟོན་པས་རྫོང་རྒྱབ་ཀླུ་ཁང་དུ་ཨ་ཁུ་སྟོན་པའི་བྲོ་འཁྲབ་བཞིན་པ།

2026ལོའི་ལྷ་སའི་ལོ་གསར་གྱི་རྒྱན་གོས་ཤོམ་སྟོན་གྱི་བྱེད་སྒོ“ལོ་གསར་གྱི་ཕྱག་རྟགས”ཞེས་པའི་ལོ་གསར་ཚོང་ཁྲོམ་ཡིན་པ།
ཉེ་ཆར། ལྷ་ས་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་གཙོ་གཉེར་བྱས་པའི“ལོ་གསར་པའི་ཉམས་བཟང་། ངོ་མཚར་གྱི་རྒྱན་གོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་2026ལོའི་གནམ་ལོ་གསར་པའི་རྒྱན་གོས་ཤོམ་སྟོན་འགོ་ཚུགས་པ་རེད།
འགོ་ཚུགས་མཛད་སྒོ་འཚོག་ཡུལ་དུ། ལྷ་སའི་རྒྱན་གོས་རིག་གནས་ཀྱི་ཐུན་མིན་ཉམས་བཟང་ཕྱོགས་ཡོངས་ནས་མངོན་ཡོད་ཅིང་། 《སྲོལ་རྒྱུན་གྱི་རྩ་བ》 ཞེས་པའི་ལེ་ཚན་ནང་། ཆེད་ལས་མོ་ཐྲོལ་གྱིས་ལྷ་སའི་རྫོང་དང་ཆུས་ཁག་གི་སྲོལ་རྒྱུན་གཟབ་མཆོར་སྤྲས་ཏེ་རིམ་པ་བཞིན་སྡིང་ཆའི་ཐོག་དོན་པ་དང་། བྱུ་རུའི་རྡོ་ཤལ་གྱི་མཆོར་ཉམས་དང་ཚོན་མདོག་སྣ་ལྔའི་པང་གདན་སོགས་རྒྱན་གོས་རེ་རེ་ལས་བོད་རིགས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་པའི་རིག་གནས་ཀྱི་ནང་དོན་ཟབ་མོ་ངམ་ཤུགས་ཀྱིས་ཚོར་ཐུབ་། 《འཚོ་བའི་སྙིང་པོ》ཞེས་པའི་ལེ་ཚན་ནང་། ཞིང་འབྲོག་པའི་བུད་མེད་འཐུས་མིས“གྲོང་ཚོའི་ཤོམ་སྟེགས”འགྲེམས་འཁྲབ་བྱས་ཤིང་། ཕྱུ་པའི་ཕུ་ཐུང་གི་བརྡར་ཟད་ལས་དུས་རྒྱུན་དུ་དཀའ་སྤྱད་ངལ་རྩོལ་བྱེད་པའི་རྣམ་པ་མཚོན་པ་དང་། སྤུས་ཀ་དག་ལ་ལྟ་ན་སྡུག་པའི་གའུ་ལས་ཁྱིམ་རྒྱུད་ཀྱི་ལོ་རྒྱུས་མཚོན་པ། ཁོང་ཚོའི་བབ་ཆགས་ཤིང་བློ་རྩ་བརྟན་པའི་གོམ་སྟབས་ལས“མི་དམངས་ནི་རིག་གནས་གསར་གཏོད་པ་ཡིན་པའི”སྙིང་དོན་ཟབ་མོར་གསོན་ཉམས་དོད་པོས་གསལ་འགྲེལ་བརྒྱབ་ཡོད། 《རེ་བའི་མེ་ཏོག》ཅེས་པའི་ལེ་ཚན་ནང་། བྱིས་པའི་མོ་ཐྲོལ་གྱིས་བཟོ་བཅོས་བྱས་པའི་བོད་ཆས་གྱོན་ཏེ་སྤོབས་པ་ཆེན་པོས་ཤོམ་སྟོན་བྱས་ཤིང་། སྲོལ་རྒྱུན་གྱི་འཇའ་རིས་དང་དེང་རབས་ཀྱི་འཚེམ་བཟོ་ལས་ལང་ཚོའི་སྐྱེ་སྟོབས་ཀྱི་གསོན་ཤུགས་མངོན་ཡོད། ཤོམ་སྟོན་འགྲམ་གྱི་མངོན་མིན་རིག་གནས་ཤུལ་བཞག་མཉམ་འགུལ་ཁུལ་དུ་པང་གདན་འཐག་པ་དང་ཟོན་པ་འཚེམ་བཟོ་སོགས་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པས་ལག་རྩལ་བྱང་ཆུབ་པོ་ངོམས་ཤིང་། གྲོང་མི་དང་ཡུལ་སྐོར་བས་འཇའ་རིས་བཀབ་དཔར་རྒྱག་པ་དང་སྟབས་བདེའི་འཁེལ་འཐག་སོགས་ཀྱི་བྱེད་སྒོ་ཉམས་ལེན་བྱས་ནས་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་གྱི་ཡོན་ཏན་དང་བློ་རིག་མྱོང་ལེན་བྱས་པ་རེད།
རྫོང་རྒྱབ་ཀླུ་ཁང་དུ། བྱེད་སྒོ་དེ་དག་ལས་གསར་གཏོད་རྣམ་པའི་རིག་གནས་ཀྱི་གསོན་ཤུགས་མངོན་པ་དང་། མི་རྣམས་དེ་གར་འཛོམས་པས་ཧ་ཅང་འཁྲུག་ཆ་དོད་པོ་ཡོད་པ་རེད།
སྤྱི་གླིང་གི་མཐའ་འཁོར་དུ་བཤམས་པའི“ལོ་གསར་གྱི་ཕྱག་རྟགས”ཞེས་བྲིས་པའི་ཚོང་ཁྲོམ་ལ་ཚང་མས་དགའ་པོ་བྱེད་ཅིང་། གྲོང་མི་དང་ཡུལ་སྐོར་བས“ངོ་མཚར་གྱི་རྒྱན་གོས”ཞེས་པའི་འཛད་སྤྱོད་འཛིན་ཤོག་འཁྱེར་ཏེ་བོད་ཆས་དང་པང་གདན་སོགས་ཁྱད་ལྡན་ཚོང་ཟོག་ཉོ་བ་དང་། ནང་མི་ལྷན་འཛོམས་ཀྱི་བོད་བཟོའི་འདྲ་པར་རྒྱག་ཡུལ་དུ་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར་བའི་འདྲ་པར་རེ་རེ་ལས་ལོ་གསར་པའི་ཉམས་སྣང་མངོན་ཡོད།
འབྲེལ་ཡོད་གསར་འགྱུར།