དབུ་ཤོག>བོད་ཀྱི་རིག་གནས།>རིག་དངོས་རྟོག་ཞིབ།
  • “ཡུལ་དུས་ལས་བརྒལ་བ། ས་སྐྱ་དགོན་པའི་ལོ་རྒྱུས་རིག་གནས་དང་སྒྱུ་རྩལ”འགྲེམས་སྟོན་གྱི་འགོ་ཚུགས་མཛད་སྒོ་པེ་ཅིང་དུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-02-11

    ཟླ་2ཚེས་9ཉིན་གྱི་སྔ་དྲོར། གནའ་བོའི་ཕོ་བྲང་རྟེན་མཛོད་ཁང་གིས་རང་སྐྱོང་ལྗོངས་རིག་དངོས་ཅུས་སོགས་རིག་དངོས་ཚན་པ་མང་པོ་དང་མཉམ་དུ་གཉེར་བའི“ཡུལ་དུས་ལས་བརྒལ་བ། ས་སྐྱ་དགོན་པའི་ལོ་རྒྱུས་རིག་གནས་དང་སྒྱུ་རྩལ”འགྲེམས་སྟོན་གྱི་འགོ་ཚུགས་མཛད་སྒོ་པེ་ཅིང་དུ་འཚོགས་པ་རེད།

    རིག་གནས་དང་ཡུལ་སྐོར་པུའུ་ཡི་ཏང་ཙུའི་ཁོངས་མི་དང་གནའ་བོའི་ཕོ་བྲང་རྟེན་མཛོད་ཁང་གི་ཡོན་ཀྲང་ཝང་ཞུས་ཏུང་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཞུས་ཀྲི་ཐའོ་ཕེབས་ནས་ཤིས་ཚིག་གསུངས་པ་རེད།

    ཕྱོགས་གཉིས་པོས། འགྲེམས་སྟོན་ལས་ས་སྐྱའི་རིག་དངོས་ཀྱི་ལོ་རྒྱུས་རིག་གནས་ཟབ་མོ་མངོན་པ་དང་། མི་རིགས་ཁག་གིས་ཐུན་མོང་ཐོག་འོད་སྟོང་འཕྲོ་བའི་ཀྲུང་ཧྭའི་རིག་གནས་བཏོད་པའི་ནང་དོན་ཟབ་མོ་གསོན་ཉམས་ལྡན་པའི་ངང་འགྲེལ་བཤད་བརྒྱབ་པ་ལས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་བརྟན་དུ་བཏང་བ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། “ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་བཏོད་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་ལེ་ཚན་གསར་པ་རྩོམ”ཆེད་སྟོབས་ཤུགས་སྐྱེས་སུ་ཕུལ་བའི་ངོས་འཛིན་མགྲིན་གཅིག་ཏུ་གནང་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། འགྲེམས་སྟོན་དེ་གནའ་བོའི་ཕོ་བྲང་རྟེན་མཛོད་ཁང་དང་། རང་སྐྱོང་ལྗོངས་རིག་དངོས་ཅུས། ས་སྐྱ་དགོན་དོ་དམ་ཨུ་ལྷན། སྨིན་གྲོལ་གླིང་དགོན། བོད་ལྗོངས་རྟེན་མཛོད་ཁང་། ཕོ་བྲང་པོ་ཏ་ལ་དོ་དམ་ཁྲུའུ། ནོར་བུ་གླིང་ཁ་དོ་དམ་ཁྲུའུ། མི་རིགས་རིག་གནས་ཕོ་བྲང་། ཧོ་པེ་ཞིང་ཆེན་ལའེ་ཧྲུའེ་རྫོང་རིག་གནས་རླུང་འཕྲིན་བརྙན་འཕྲིན་ཅུས་དང་ཡུལ་སྐོར་ཅུས་སོགས་རིག་དངོས་ཚན་པ་མང་པོས་མཉམ་དུ་གཉེར་བ་ཞིག་རེད། ད་ཐེངས་ཀྱི་འགྲེམས་སྟོན་དེ་ཟླ་2ཚེས་10ཉིན་ནས་བཟུང་སྤྱི་དམངས་ལ་དངོས་སུ་སྒོ་མོ་ཕྱེ་བ་དང་ཟླ་5ཚེས་10ཉིན་བར་རྒྱུན་མཐུད་འགྲེམས་སྟོན་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།