དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ཨ་ཅེ་རྒྱ་བཟའ་ཡིས་ཆུ་འདྲེན་ཚུལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-02-08

    གནའ་སྔ་མོར། བོད་ཀྱི་དབུས་གཞུང་ལྷ་སའི་ཤར་ངོས་ཀྱི་ལ་མོ་ཞེས་པའི་ཡུལ་དེར་ཞིང་ཆུ་དཀོན་པས་ཞིང་ལས་ཐོན་འབབ་ཧ་ཅང་དམའ་པོ་ཡོད། རྒྱ་བཟའ་བོད་ལ་ཕེབས་སྐབས་ལ་མོར་ཞག་བཞུགས་གནང་ཞིང་། ཁོང་གིས་ཡུལ་དེར་ཞིང་ཆུ་དཀོན་པོ་ཡོད་པ་མཁྱེན་ནས་ལ་མོའི་རི་རྒྱུད་དང་། སྐར་མ་ན་ཁའི་རི་རྒྱུད། རྒྱ་མོ་ཚལ་ལའི་རི་རྒྱུད། བུམ་པ་རི་རྒྱུད་བཅས་སུ་ཆུ་ཡུར་རིང་པོ་ཞིག་བསྐྲུན་རྒྱུའི་ཐུགས་ཐག་བཅད་དེ། ཡུལ་དེ་གའི་ཞིང་པ་མང་ཚོགས་རྣམས་བོས་ནས་གོང་གི་རི་རྒྱུད་དག་གི་རི་སྐེད་དུ་ཆུ་ཡུར་རིང་པོ་ཞིག་བཟོས་གནང་བ་རེད།

    ཆུ་ཡུར་བཟོས་ནས་ཆུ་དྲངས་ཐུབ་པ་དེས་ཡུལ་དེའི་ཞིང་ཆུ་དཀོན་པའི་ལོ་རྒྱུས་ཀྱི་དཀའ་ངལ་བསལ་མོད། འོན་ཀྱང་། བུམ་པ་རི་རྒྱུད་ལ་ཆུ་འདྲེན་སྐབས་བུམ་པ་རིའི་རི་སྐེད་ལ་ཆུ་མ་སླེབས་མཚམས་སུ་ཨ་ཅེ་རྒྱ་བཟའི་སྐེ་རགས་གྲོལ་བའི་རྐྱེན་གྱིས་ཆུ་ཡུར་དེའི་ཆུ་ཆད་པར་གྲགས། ཨ་ཅེ་རྒྱ་བཟའ་ཡིས་དེ་འཕྲལ་རྒྱ་མོ་ཚལ་ལའི་ལ་རྩེར་མཆོད་རྟེན་ཞིག་བཞེངས་པ་དང་། བུམ་པ་རི་ལ་ཆུ་འདྲེན་པའི་སྐལ་བ་མ་བྱུང་ཡང་། ལ་མོ་རི་དང་། སྐར་མ་ན་ཁ། རྒྱ་མོ་ཚལ་ལའི་ཆུ་ཡུར་གྱི་ཆུ་མི་ཆད་པའི་ཆེད་དུ་བཟློག་ཆོས་མཆོད་རྟེན་ཞིག་བཞེངས་པར། དེང་སང་ཡང་བཟློག་ཆོས་མཆོད་རྟེན་ཞེས་ཟེར་སྲོལ་ཆགས་པར་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།