དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • སོན་རྩ་དང་བྲག་རྡོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-01-25

    སོན་རྩ་ཞིག་བྲག་རྡོ་གཅིག་གི་འོག་ཏུ་མནན་ནས་བསྡད་ཡོད། སོན་རྩས་བྲག་རྡོར། ཁྱེད་ཀྱིས་ཕར་ཤིག་ཙམ་གནང་དང་ཞེས་ཞུ་བ་ཕུལ་ཡང་ང་རྒྱལ་ཆེ་བའི་བྲག་རྡོས་དེ་ལ་ཁ་ཡ་གཏན་ནས་མ་བྱས། སོན་རྩས་སླར་ཡང་བྲག་རྡོར། ཁྱེད་ཀྱིས་ད་དུང་ཕར་ཤིག་ཙམ་མ་བྱས་ན་ངས་ཁྱེད་མགོ་རྟིང་སློག་ངེས་ཡིན་ཞེས་བཤད་པར། བྲག་རྡོས་ཁྲེལ་དགོད་བྱེད་བཞིན་དུ། བྱས་ན་ཁྱེད་ཀྱིས་ང་མགོ་རྟིང་མ་བསློགས་བར་དུ་སྒུག་ནས་སྡོད་ཀྱི་ཡིན་ཞེས་ལན་བཏབ།

    བྲག་རྡོས་སོན་རྩ་ཆུང་ཆུང་ལ་མཐོང་ཆུང་ཁོ་ན་བྱེད་པ་ལས་སོན་རྩ་དེ་ཆུང་ཆུང་ཡིན་ཡང་སྐྱེ་སྟོབས་ཀྱི་གསོན་ཤུགས་ཆེན་པོ་ཡོད་པ་རྦད་དེ་བརྗེད་པ་རེད། སོན་རྩས་ས་གཞི་ཆེན་པོའི་པང་དུ་ས་གཞིའི་ཐོག་གི་བརླན་བཤེར་དང་འཚོ་བཅུད་རྣམས་འཐེན་ནས་གང་མགྱོགས་འཚར་ལོངས་ཡོང་བར་འབད་པས། སོན་རྩར་རིམ་བཞིན་ལང་ཚོའི་ཁོ་ལག་རྒྱས་ཏེ། ཁོས་བྲག་རྡོའི་གསེང་ཞིག་ནས་དལ་གྱིས་ཕྱིར་ཐོན་པ་དང་དྲོ་སྐྱིད་ལྡན་པའི་ཉི་འོད་འོག་སྦོམ་ལ་རིང་བའི་ལྗོན་ཤིང་ཞིག་ཏུ་གྱུར། ལྗོན་ཤིང་དེའི་སྲ་ཞིང་ཤུགས་དང་ལྡན་པའི་རྩ་བས་མཐར་བྲག་རྡོ་ཧྲུག་ཆག་ཏུ་བཏང་ངོ་།།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།