སྤོས་ཀྱི་རིག་གནས་ཤུལ་བཞག་རྒྱུན་འཛིན་རྣམ་གྲངས་ཀྱི་ལས་དོན་ཚོགས་འདུ་འཚོགས་པ།
ཉེ་ཆར། རང་སྐྱོང་ལྗོངས་སྤུས་ཚད་མཐུན་ཚོགས་སྤོས་ཀྱི་ཐོན་རྫས་སྤུས་ཚད་ཨུ་ལྷན་གྱིས་གཙོ་གཉེར་བྱས་པའི་སྤོས་ཀྱི་རིག་གནས་ཤུལ་བཞག་རྒྱུན་འཛིན་རྣམ་གྲངས་ཀྱི་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། སྤོས་ཐོན་སྐྱེད་ཁེ་ལས་ཀྱི་འཐུས་མི་དང་། འབྲེལ་ཡོད་མཐུན་ཚོགས་ཀྱི་འགན་འཁུར་བ། རིགས་གཅིག་མཁས་ཅན་བཅས་མཉམ་དུ་འཛོམས་ནས། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་ཐོན་ལས་འཕེལ་རྒྱས་ཀྱི་ཇུས་ཆེན་ལ་མཉམ་དུ་གྲོས་བསྡུར་བྱས་པ་རེད།
ཚོགས་འདུས་གྲོས་གཞི་གཙོ་བོར་དམིགས་ཏེ་སྤོས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པའི་རིགས་གཅིག་མཁས་ཅན་གྱི་མཛོད་དང་། མི་16ཡོད་པའི་བསླབ་གཞིའི་རྩོམ་སྒྲིག་ཚོགས་པས་བརྒྱུད་རིམ་ལྡན་པའི་སློབ་ཁྲིད་མ་ལག་འཛུགས་དགོས་པའི་བླང་བྱ་ཁ་གསལ་བཏོན་པ་དང་། རྣམ་གྲངས་ལག་བསྟར་བྱ་ཡུལ་ས་ཁོངས་ཀྱི་སློབ་མའི་ཆ་འཕྲིན་བསྡུ་རུབ་དང་ཧྲག་འདེམས་བྱས་པ། 2026ལོའི་ཨུ་ཡོན་ལྷན་ཁང་གི་གཙོ་གནད་ལས་དོན་བཀོད་སྒྲིག་བྱས་པ། ཚོགས་པའི་ཚད་གཞི་བཟོ་བ་དང་ཚད་ལྡན་གྱི་གཉེར་སྐྱོང་བྱེད་སྟངས་སྐོར་གྲོས་བསྡུར་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།