དབུ་ཤོག>བོད་ཀྱི་རིག་གནས།>ཆོས་ལུགས།
  • ཀརྨ་དགོན་གསར་ཁྲོམ་གཞུང་གི་དམངས་འཚོའི་བདེ་རྩ་ཆེ་རུ་ཕྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-01-21

    2025ལོར། ཁྲེང་ཀོན་ཆུས་ཀརྨ་དགོན་གསར་ཁྲོམ་གཞུང་དམངས་འཚོའི་ཞབས་ཞུ་གཞུང་ལས་ཁང་གིས་ཁྲོམ་གཞུང་ཏང་གི་ལས་དོན་ཨུ་ལྷན་དང་དོན་གཅོད་ཁྲུའུ་ཡི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག བྱེད་ཐབས་ཏན་ཏིག་དང་གྲངས་གཞི་ཁ་གསལ་ལ་བརྟེན་ནས་སྤྱི་ཕན་མཉམ་སྤྱོད་ཀྱི་དམངས་འཚོ་འཕེལ་རྒྱས་ལམ་བུ་ཞིག་བཏོད་ཡོད།

    ཁྲོམ་གཞུང་ཏང་གི་ལས་དོན་ཨུ་ལྷན་དང་དོན་གཅོད་ཁྲུའུ་ཡིས“སྡེ་ཁུལ་དུ་སྲིད་ཇུས་དྲིལ་བསྒྲགས”ཀྱི་བྱེད་སྒོ་ཐེངས་20ལྷག་ཙམ་སྤེལ་བ་དང་། ཅི་འཕྲོས་མོལ་འཕྲོས་བྱས་ནས་སྨན་བཅོས་དང་རྒན་གསོ་སོགས་ཀྱི་སྲིད་ཇུས་ལ་གསལ་འགྲེལ་བྱས་པར། མི་ཐེངས་2460ལ་ཁྱབ་ཡོད། སྨན་བཅོས་འགན་བཅོལ་དངུལ་འཇལ་ཚད་98.9%དང་རྒན་གསོ་འགན་བཅོལ་ནང་ཞུགས་ཚད་100%ཟིན་ཡོད། དཀའ་ངལ་ཡོད་པའི་ཚོགས་སྤྱིར་ཁ་གསབ་སྣ་ཚོགས་སྒོར་ཁྲི་56.7སྤྲད་པ་དང་ཁྱིམ་ཚང་114ཡིས་རླུང་འཕྲིན་བརྙན་འཕྲིན་གྱི་དམངས་ཕན་ཞབས་ཞུ་ལོངས་སྤྱོད་ཐུབ་ཡོད། “རྒན་གཅིག་གཞོན་གཅིག”ལ་དམིགས་ནས་མི་ཧྲེང་རྒན་རྒོན་ལ་རོགས་སྐྱོར་བྱེད་པའི་ལམ་སྲོལ་བཙུགས་ཏེ། ལོ་ན་མཐོ་བའི་ཁ་གསབ་སྒོར་ཁྲི་6.6ལྷག་ཙམ་སྤྲད་པ་དང་། བོགས་དངུལ་དང་བུ་གསོའི་ཁ་གསབ་དངུལ་སྒོར་ཁྲི་72.6དོན་འཁྱོལ་བྱས་པ་ལས་མི་423ལ་ཕན་པ་ཐོབ་ཡོད། “དྲང་གཞག་སློབ་བསྡུ”བརྒྱུད་སློབ་མ་747ལས་ཀར་བསྡུས་པ་དང་མ་མཐའི་འཚོ་བ་འགན་ལེན་ཁྱིམ་ཚང་གི་སློབ་གྲྭ་ཆེ་མོ་བ་11ལ་རོགས་སྐྱོར་དངུལ་སྒོར་ཁྲི་8ལྷག་ཙམ་སྤྲད་པ་རེད།

    ཁྲོམ་གཞུང་ཏང་གི་ལས་དོན་ཨུ་ལྷན་དང་དོན་གཅོད་ཁྲུའུ་ཡིས་ཁུལ་ཆུང་རྙིང་པ་སྒྱུར་བཀོད་བྱེད་པར་སྐུལ་འདེད་བཏང་སྟེ། དུད་ཚང་251གི་གྲོང་མིར་ཕན་པ་ཐོབ་པ་དང་། བློ་ཡིད་ཚིམ་ཚད་95%ལྷག་ཙམ་ཟིན་ཡོད། འཇག་མ་སྒང་སྡེ་ཁུལ་གྱི་འཕྲོ་བརླག་ཤོར་བའི་ཆུ་འགྲོ་མགྱོགས་མྱུར་བཟོས་པ་དང་། གཏན་འཇགས་རྒྱུ་ནོར་གྱི་ལག་ཁྱེར་གཉེར་བར“ཐོགས་མེད་བགྲོད་ལམ”བཏོད་ནས་ཁང་པའི་བདག་དབང་ལག་ཁྱེར་59གཉེར་རོགས་བྱས་པ་རེད། སྲིད་གཞུང་གི་ཞབས་ཞུའི་ཐད་སྦྲེལ་ཁ་པར་ཐེངས་690བདག་སྤྲོད་བྱས་ནས་གནད་དོན་ཐག་གཅོད་བྱེད་ཚད་99.7%ཟིན་ཡོད། གཞན་ཡང་། མཐོ་སློབ་སློབ་ཐོན་སློབ་མ་25ལ་ལས་ཞུགས་རོགས་སྐྱོར་བྱས་པའི་ནང་ནས་མི་20བདེ་བླག་ངང་ལས་ཞུགས་ཐུབ་སྟེ། ལས་ཞུགས་ཐུབ་ཚད་91.93%ཟིན་པ་དང་། ལས་གཏོད་བྱེད་མཁན་56ལ་ཁ་གསབ་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད།

    ཀརྨ་དགོན་གསར་ཁྲོམ་གཞུང་གི་འབྲེལ་ཡོད་འགན་འཁུར་བས། 2026ལོར་དམངས་ལ་ཞབས་འདེགས་ཞུ་བའི་ཐོག་མའི་བསམ་འདུན་བརྟན་པོ་སྲུང་བ་དང་ཞབས་འདེགས་ཞུ་སྟངས་ལེགས་སུ་བཏང་ནས་དམངས་འཚོའི་བྱ་བ་དངོས་ཡག་པོ་བསྒྲུབས་ཏེ། ཁོངས་གཏོགས་ཁུལ་གྱི་དམངས་འཚོའི་བྱ་གཞག་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་གི་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།