དབུ་ཤོག>བོད་ཀྱི་རིག་གནས།>རིག་དངོས་རྟོག་ཞིབ།
  • རི་ཀླུང་དུ་མ་བརྒལ། ཤེས་དཔལ་གླེང་མོལ་བྱེད།

    ​བོད་ལྗོངས་རྟེན་མཛོད་ཁང་གི་2026ལོའི“ཤུལ་འཚོལ”དགུན་སྒར་གྱིས་སི་ཁྲོན་གྱི་རིག་གནས་འཚོལ་ཞིབ་ལམ་དུ་ཞུགས་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-01-09

    ཉེ་ཆར། བོད་ལྗོངས་རྟེན་མཛོད་ཁང་གིས་2026ལོའི“ཤུལ་འཚོལ”དགུན་སྒར་ཏེ“སི་ཁྲོན་གྱི་ངོ་མཚར་རྟོགས། སི་ཁྲོན་དུ་གླེང་མོལ་བྱེད”ཅེས་པའི་རིག་གནས་ཞིབ་འཇུག་སློབ་སྦྱོང་བྱེད་སྒོའི་སྐོང་བསྡུའི་ཆ་འཕྲིན་དངོས་སུ་ཁྱབ་བསྒྲགས་བྱས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོ་དེ་སྤེལ་བའི་དམིགས་ཡུལ་ནི་བོད་ཀྱི་ས་གནས་དེ་གའི་གཞོན་ནུ་ལོ་ཆུང་ལ་ས་ཁམས་དང་རིག་གནས་ལས་བརྒལ་བའི་ཞིབ་འཇུག་དང་སློབ་སྦྱོང་གི་སྟེགས་བུ་ཞིག་གཏོད་རྒྱུ་དེ་རེད། བོད་ལྗོངས་རྟེན་མཛོད་ཁང་གིས་ཟླ་1ཚེས་18ནས་ཚེས་23ཉིན་བར་དགུན་སྒར་ནང་ཞུགས་མཁན་ཚོའི་སྣེ་ཁྲིད་དེ་གངས་ལྗོངས་ས་མཐོ་ནས་སི་ཁྲོན་གཤོངས་སར་བསྐྱོད་དེ། དུས་ཡུན་ཉིན་དྲུག་དང་མཚན་ལྔ་ཡི་དབྱིངས་ཞུགས་རྣམ་པའི་རིག་གནས་གླེང་མོལ་བྱ་རྒྱུ་རེད།

    གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། ད་ཐེངས་ཀྱི་དགུན་སྒར་གྱིས“མཐོང་ཚོར་བསྡུར་བ”དང“ལག་ལེན་ཞིབ་འཇུག”ལྟེ་བའི་ཁྱད་ཆོས་སུ་བྱས་པ་དང་ཐུན་མོང་མ་ཡིན་པའི་ལམ་ཐིག་ཇུས་འགོད་བྱས་ཡོད། དགུན་སྒར་ལ་ཞུགས་མཁན་ཚོས་སྔ་རྗེས་སུ་སི་ཁྲོན་རྟེན་མཛོད་ཁང་དང་། སན་ཤིང་ཏུའེ་རྟེན་མཛོད་ཁང་། ཝུའུ་ཧོའུ་ཚེ་རྟེན་མཛོད་ཁང་། ཁྲེང་ཏུའུ་དོམ་ཁྲ་རྟེན་གཞི། ཅན་ཁྲོན་རྟེན་མཛོད་ཁང་སོགས་མང་པོ་ཞིག་ལ་བསྐྱོད་རྒྱུ་རེད། ཞིབ་འཇུག་དང་སློབ་སྦྱོང་གི་ནང་དོན་ནི་ལྟ་སྐོར་ཁོ་ན་ཙམ་མིན་པར། དངོས་སུ་ཉམས་ལེན་དང་བསམ་གཞིག་བྱེད་དགོས་པའི་ནན་བཤད་བྱས་པ་སྟེ། སན་ཤིང་ཏུའེ་ལི་སྡོང་དང་བོད་ཀྱི་གནའ་བོའི་བྲག་བརྐོས་རི་མོ་བསྡུར་བ་བྱས་ནས་ཤེས་དཔལ་གྱི་འབྱུང་ཁུངས་དང་མི་འདྲ་ས་འཚོལ་ཞིབ་བྱ་རྒྱུ་དང་། ཀྲང་ཏ་ཆན་གྱིས་འདྲ་བཤུས་བྱས་པའི་ཏུན་ཧོང་གི་ལྡེབས་རིས་དང་བོད་ཀྱི་ཐང་ཁའི་སྒྱུ་རྩལ་དཔྱད་གཟིགས་བྱེད་པའི་ཁྲོད་ནས་པིར་རྩལ་དང་བསམ་བློ་མཉམ་འདྲེས་བྱུང་ཚུལ་མྱོང་ཚོར་བྱ་རྒྱུ། སི་ཁྲོན་གྱི་འཚེམ་དྲུབ་ལག་རྩལ་ལ་བརྟེན་ནས་བོད་བཟོའི་རི་མོ་འཚེམ་པ་སོགས་ཀྱི་ལག་ལེན་ཁྲོད་ནས་རིག་གནས་མཉམ་འདྲེས་གསར་རྩོམ་བྱ་རྒྱུ་བཅས་རེད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།