ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣའི་བཞུགས་མོལ་ཚོགས་འདུའི་ཐོག་གི་གཏམ་བཤད། (གནད་བསྡུས)
འདུ་ཤེས་གསུམ་གྱི་སློབ་གསོ་གཏིང་ཟབ་སྤེལ་ནས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་རྒྱང་ལམ་གསར་པར་སྐྱོད་པར་སྐུལ་འདེད་གཏོང་གི་ཡིན།
ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་རྩེ་དྲུག་དགོན་གྱི་སྤྲུལ་སྐུ། ཉི་དགའ།
རྩེ་དྲུག་དགོན་ལ་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་བཟང་ལྡན་ཡོད། 1951ལོར་བོད་ཞི་བས་བཅིངས་འགྲོལ་གཏོང་སྐབས། དགོན་པའི་རྒན་རབས་རྩེ་བླ་གར་དབང་རྣམ་རྒྱལ་སོགས་ཀྱིས་ཏང་གི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ནས། རང་འགུལ་ངང་བཅིངས་འགྲོལ་དམག་བོད་དུ་དཔུང་སྐྱོད་བྱེད་པར་རྒྱབ་སྐྱོར་དང་། ཁྲོན་བོད་གཞུང་ལམ་འཛུགས་སྐྲུན་ནང་ཞུགས་ཏེ། བཅིངས་འགྲོལ་དམག་དང་ཉ་ཆུ་ལྟ་བུའི་བརྩེ་སེམས་ཟབ་མོ་ལྡན་པས། “བཅིངས་འགྲོལ་དམག་ལ་དགའ་ཞེན་ལྡན་པའི་དགོན་པ”ཞེས་མཚན་སྙན་ཐོགས་ཡོད་ལ། དམངས་གཙོའི་བཅོས་སྒྱུར་གྱི་སྐབས་སུ་རྒྱལ་གཅེས་ཀྱི་ལངས་ཕྱོགས་བརྟན་པོ་ཡོད་པས། “རྒྱལ་གཅེས་ཀྱི་དགོན་སྡེ”ཞེས་པའི་གཟི་བརྗིད་མཚན་སྙན་གནང་བ་རེད། གཟི་བརྗིད་མཚན་སྙན་དེ་དག་ང་ཚོས་མི་རབས་ནས་མི་རབས་བར་བརྒྱུད་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་དགོན་པར་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་བར་མཚམས་མེད་པར་སྤེལ་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སློབ་གསོ་བརྟན་དུ་བཏང་བ། “ཚད་གཞི་བཞིར་བརྩི་སྲུང་ཞུས་ནས་སྔོན་ཐོན་གྲྭ་བཙུན་བརྩོན་ལེན་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོ་དང“འདུ་ཤེས་གསུམ”གྱི་སློབ་གསོ་སོཌ་སྤེལ་ནས། དགོན་སྡེའི་གསར་བརྗེའི་ལོ་རྒྱུས་རིན་ཐང་སྔོག་འདོན་དང་ལེགས་སྒྲིག་གཏིང་ཟབ་བྱས་ཤིང་། “རྩེ་དྲུག་དགོན་གྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སློབ་གསོའི་རྟེན་གཞི”བཙུགས་ཡོད། རྩ་ཆེའི་ལོ་རྒྱུས་ཀྱི་པར་རིས་དང་། དངོས་རྫས། དཔྱད་ཡིག་འབོར་ཆེན་དག་ལ་གསོན་ཉམས་དོད་པའི་འགྲེལ་བཤད་བྱས་ཏེ། དམག་དམངས་མཐུན་སྒྲིལ་དང་ཁྱིམ་གཞིས་མཉམ་སྐྲུན་གྱི་མི་སེམས་འགུལ་བའི་ལོ་རྒྱུས་དེ་རྣམས་སླར་ཡང་མངོན་པར་བྱས་ཡོད། ད་དུང་དངོས་རྫས་དང་། དངོས་རྣམ། དངོས་དཔེ་བཅས་ལ་བརྟེན་ནས་ཏང་གི་ལོ་རྒྱུས་དང་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་དེ་དག་གསོན་ཉམས་དོད་པའི་སྒོ་ནས་བཤད་པ་དང་། དགོན་སྡེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ལ“གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་ལ། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་དེ་བས་མེད་པའི”དོན་དངོས་ལོ་རྒྱུས་ལ་ངེས་ཤེས་གཏིང་ཟབ་སྐྱེ་རུ་བཅུག་པ་དང་། “མོས་སེམས་ལྔ”རྒྱུན་ཆད་མེད་པར་ཟབ་ཏུ་བཏང་ཡོད།
དགོན་སྡེ་དོ་དམ་ཨུ་ལྷན་གྱི་ཁྲིད་སྟོན་འོག རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གཙིགས་སུ་བཟུང་བའི་ཁར། རང་དགོན་པའི་དོན་དངོས་དང་ཟུང་འབྲེལ་གྱིས་རང་ངོས་དོ་དམ་ལམ་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ནས་དགོན་སྡེའི་ནོར་དོན་ཡོངས་བསྒྲཌ་དང་། མེ་ཟོན་བདེ་འཇཌ། ཆོས་ལུགས་བྱེད་སྒོར་ཞིབ་མཆན་འགོད་པ། གྲྭ་པའི་དགོངས་ཞུ་སོགས་ཚུད་པའི་ནང་ཁུལ་གྱི་དོ་དམ་ལམ་ལུགས་ཁག་10ལྷག་ཙམ་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་ཡོད་ལ། དགོན་སྡེ་ནང་ཁུལ་གྱི་དོ་དམ་སྒྲིག་གཞི་ཞིབ་ཚགས་སུ་བཏང་ནས་ཕྱོགས་བསྡུས་མཐུན་སྦྱོར་དང་། སློབ་སྦྱོང་སྒྲིག་འཛུགས། སྡོམ་ཁྲིམས་ལྟ་སྐུལ། བདེ་འཇགས་སྲུང་སྐྱོང་། རིག་དངོས་སྲུང་སྐྱོབ། དྲིལ་བསྒྲགས་ཁྲིད་སྟོན། ནོར་དོན་དོ་དམ། མེ་ཟོན་བདེ་འཇཌ་སོགས་ཆེད་དོན་ཚོཌ་ཆུང་ཁག་8བཙུགས་ནས། འགན་འཁྲི་དང་ལས་བགོས་ཁ་གསལ་བརྒྱབ་སྟེ་ལས་དོན་ཚང་མར་དོ་དམ་བྱེད་མཁན་ཡོད་པ་དང་། བྱ་བ་ཚང་མ་དོན་འཁྱོལ་ཐུབ་པ་བྱས་ཏེ། དགོན་པའི་ལས་དོན་ཁག་ལམ་ལུཌ་ཅན་དང་། ཚད་ལྡན་ཅན། ཞིབ་ཚགས་ཅན་བཅས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུར་སྐུལ་འདེད་བཏང་ཡོད། གལ་ཆེའི་མཚམས་ཚིགས་སུ་རང་འགུལ་ངང་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་དོན་ལ་གཞོགས་འདེགས་ཧུར་ཐག་གིས་དགོན་སྲུང་རུ་ཁག་སྒྲིག་འཛུགས་བྱས་ནས། བདེ་འཇགས་སྐོར་གཡེང་དང་མངོན་མིན་རྐྱེན་ངན་ལ་ལྟ་བཤེར་བྱས་ཏེ། འགལ་ཟླའི་རིགས་དུས་ཐོག་ཏུ་སེལ་རོཌ་བྱས་ནས། དགོན་པ་ཞི་མཐུན་བརྟན་ལྷིང་ཡོང་བར་འགན་ལེན་ནུས་ལྡན་བྱས་ཡོད།
ང་ཚོས“འཛུགས་གཏོད་བཞིར”ཧུར་ཐག་ཞུགས་ནས། དུས་བཀག་ལྟར་དགེ་འདུན་པ་སྒྲིག་འཛུགས་ཀྱིས་དགོན་པའི་མཐའ་འཁོར་དང་དགོན་པའི་འགྲོ་ལམ་སོགས་ཀྱི་གངས་གསོག་དང་གད་སྙིགས་གཙང་སེལ་བྱས་ནས་སྤྱི་པའི་ཁོར་ཡུག་འཕྲོད་བསྟེན་ལ་སྲུང་སྐྱོང་བྱས་ཡོད། དང་བླངས་ཞབས་ཞུའི་ས་ཚིགས་བཙུགས་ནས་ཡུལ་སྐོར་བ་རྣམས་ལ་རིན་མེད་འགྲེལ་བཤད་རྒྱག་པའི་ཞབས་ཞུ་ཐེངས་ཆིག་སྟོང་ལྷག་ཙམ་བྱས་པ་ཡིན་ལ། མི་རིགས་མཐུན་སྒྲིལ་དང་། ཁོར་ཡུག་སྲུང་སྐྱོང་། ཁྲིམས་སྐྱོང་དྲིལ་བསྒྲགས་སོགས་ཀྱི་དཔྱད་གཞི་3600ལྷག་ཙམ་བཟོས་ནས་བཀྲམ་ཡོད། ཉེ་བའི་ལོ་ཤས་རིང་ལྗོངས་ཕྱི་ནང་གི་མང་ཚོགས་ཀྱིས་ཕུལ་བའི་ཐུགས་རྗེ་ཆེ་ཞུ་བའི་གོས་དར་15དང་འཕྲིན་ཡིག་100ལྷག་ཙམ་འབྱོར་བྱུང་། དད་ལྡན་མང་ཚོགས་རྣམས་ལ་སྒྲིག་བཀུར་ཁྲིམས་སྲུང་དང་ལས་བརྩོན་ཕྱུག་འགྱུར་བྱ་རྒྱུའི་ཁྲིད་སྟོན་ཧུར་ཐག་བྱས་ཏེ། བློ་གྲོས་དང་སྟོབས་ཤུགས“དོན་ཆེན་བཞིར”ཕུལ་བ་དང་། ཐུན་མོང་ཕྱུག་འགྱུར་གྱི་དམིགས་ཚད་མངོན་འགྱུར་ཡོང་བའི་ཐོག་གཅིག་སྡུད་བྱས་ནས། བླ་ན་མེད་པའི་རྒྱལ་ཁབ་ས་ཆ་ལྷག་བསམ་རྣམ་དག་གིས་སྲུང་མཁན་དང་། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་ཧུར་ཐག་གིས་སྐྲུན་མཁན་ཞིག་བྱེད་དགོས་པའི་འབོད་སྐུལ་ཞུས་ཡོད། འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས། ང་ཚོས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆོས་ལུཌ་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དང་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣར་བཏོན་པའི་བླང་བྱ་གལ་ཆེན་དོན་འཁྱོལ་ནན་ཏན་གྱིས་དར་ཆ་གསལ་སྟོན་གྱི་སྒོ་ནས། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་དབར་དབྱེ་མཚམས་གསལ་པོ་ཕྱེ་རྒྱུ་དང་། མུ་མཐུད་འབད་བརྩོན་གྱིས་འདུ་ཤེས་གསུམ་གྱི་སློབ་གསོའི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུ་ཡིན།
འབྲེལ་ཡོད་གསར་འགྱུར།