ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣའི་བཞུགས་མོལ་ཚོགས་འདུའི་ཐོག་གི་གཏམ་བཤད། (གནད་བསྡུས)
བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་རྩ་དོན་ལ་བརྩི་སྲུང་ནན་པོ་ཞུས་ཏེ་ཏང་ཀྲུང་དབྱང་གི་དབང་གྲགས་མཐོ་ཤོས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་ཀྱི་ཡིན།
ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་སྒྲུབ་སྡེ་དགོན་གྱི་སྤྲུལ་སྐུ། ཁྱུང་སྤྲུལ་སྐལ་བཟང་ཐུབ་དབང་།
ལོ་རྒྱུས་ལ་ཕྱོགས་བསྡུས་ཀྱིས་བལྟས་ན། ཀྲུང་དབྱང་སྲིད་གཞུང་རིམ་བྱུང་གིས་ཁག་བགོས་དབང་སྤྲོད་ལམ་ལུགས་དང་། དབུ་གནས་མང་སྩོལ། གསེར་བུམ་དཀྲུག་འདོན། ཡང་སྲིད་ངོས་འཛིན་བྱ་ཐབས་འདོན་པ་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས། བླ་སྤྲུལ་ཆེ་ཁག་གི་ཡང་སྲིད་ངོས་འཛིན་བྱེད་སྐབས་མི་བདེན་རྫུན་སྒྲིག་དང་། ཤོག་ཁག་བསྒྲིལ་ནས་སྒེར་དོན་གཉེར་བ། ལྐོག་རྔན་སྤྲོད་ལེན་དར་ཁྱབ་ཆེ་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་ཡོད། 1793ལོར《ཆིང་རྒྱལ་རབས་སྲིད་གཞུང་གིས་བོད་བདག་སྐྱོང་གི་རྩ་ཚིག་དོན་ཚན་ཉེར་དགུ》ཁྱབ་བསྒྲགས་བྱས་ནས་གསེར་བུམ་དཀྲུག་འདོན་་ལམ་ལུགས་གཏན་འཁེལ་བྱས་ཏེ། སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་ལས་དོན་སྒྲུབ་རིང་མིས་ཁ་ལོ་སྒྱུར་རིགས་རྩ་བ་ནས་གཏན་འགོག་བྱས་ཏེ། ཀྲུང་དབྱང་སྲིད་གཞུང་གིས་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ལ་གཙོ་ཁྲིད་བྱེད་པའི་དབང་ཆ་མངོན་པར་བྱས་ཡོད། 1936ལོར་མིང་གོ་སྲིད་གཞུང་གིས《བླ་མའི་ཡང་སྲིད་ངོས་འཛིན་བྱ་ཐབས》ཁྱབ་བསྒྲཌ་བྱས་ནས། ཏཱ་ལ་སྐུ་ཕྲེང་བཅུ་གསུམ་པ་དང་པཎ་ཆེན་སྐུ་ཕྲེང་དགུ་པའི་ཡང་སྲིད་ངོས་འཛིན་གཏན་འཁེལ་བྱས་པ་རེད། ལམ་ལུགས་དེ་དག་མི་སེམས་ལ་གཏིང་ཟབ་ཟུག་པ་དང་དམངས་སེམས་ཐོབ་ནས་ད་བར་རྒྱུན་མཐུད་ཐུབ་སྟེ་ཆོས་ལུགས་རང་ངོས་འཕེལ་རྒྱས་འགྲོ་བའི་ཕྱི་རོལ་ཡུལ་གྱི་ཆོས་ཉིད་དང་མཐུན་ཡོད། ཀྲུང་དབྱང་སྲིད་གཞུང་ལ་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་མཐའ་མའི་ཆོག་མཆན་སྤྲོད་དབང་ཡོད་པ་དང་། ཆོས་ལུཌ་ལས་རིགས་ཀྱི་མི་སྣ་ཞིག་ཡིན་པའི་ངོས་ནས་ང་ཚོས་ཆོས་ལུགས་ཀྱི་ཆོ་གར་བརྩི་འཇོག་དང་། ལོ་རྒྱུས་ཀྱི་ངེས་སྲོལ་ལ་བརྩི་སྲུང་ནན་པོ་ཞུ་དགོས་པ་དང་། བླ་སྤྲུལ་ཆེ་ཁག་གི་ཡང་སྲིད་ངོས་འཛིན་བྱེད་པར་ངེས་པར་དུ་རྒྱལ་ནང་དུ་ཡང་སྲིད་བཙལ་འཚོལ་དང་། གསེར་བུམ་དཀྲུག་པ། ཀྲུང་དབྱང་སྲིད་གཞུང་གིས་ཆོག་མཆན་སྤྲོད་པའི་རྩ་དོན་ལ་བརྩི་སྲུང་ཞུ་དགོས་ལུགས་ལོ་རྒྱུས་ཀྱིས་སྔ་ས་ནས་ར་སྤྲོད་བྱས་ཡོད།
ཆོས་ལུགས་ལས་རིགས་ཀྱི་མི་སྣའི་ངོས་ནས་ཞུས་ན། དད་པ་ནི་བླ་ན་མེད་པ་ཞིག་རེད་ལ་ལོ་རྒྱུས་ཀྱང་དམ་ནན་ཞིག་ཡིན་པས་གཡོ་བཅོས་བྱེད་མི་རུང་། གསེར་བུམ་དཀྲུག་པའི་ལམ་ལུཌ་ནི་ཆིང་རྒྱལ་རབས་ཀྲུང་དབྱང་སྲིད་གཞུང་གིས་བོད་བརྒྱུད་ནང་བསྟན་ལས་རིགས་ལ་བཙན་འགེལ་བྱས་པ་ཞིག་མིན་པར་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱིས་དེ་སྔའི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ཞུ་བའི་བརྒྱུད་རིམ་ནང་གི་སྐྱོན་ཆ་མཐོང་སྐབས་སྔ་སྡུག་ཕྱི་བསམ་གྱིས་ཆིང་རྒྱལ་རབས་ཀྲུང་དབྱང་སྲིད་གཞུང་དང་མཉམ་དུ་གྲོས་ཐག་བཅད་པ་ཞིག་རེད། ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོས་གསེར་བུམ་བསུ་སྐབས“གོང་མའི་བཀའ་ལ་བཀུར་བ”དང་། “དྲང་གཞག་གིས་གསེར་བུམ་དཀྲུག་པ” “གནམ་བསྐོས་གོང་མའི་བཀའ་དྲིན་འཇལ་རྒྱུ་ཡིན”ཞེས་སྐུ་ངོ་མས་ཞལ་བཞེས་པ་དང་། “གལ་ཏེ་སྔར་བཞིན་གོམས་སྲོལ་རྙིང་པར་བརྟེན་ནས་རང་དགར་ངོས་འཛིན་བྱས་པའི་གནས་ཚུལ་རྩད་ཆོད་ན་ཉེས་ཆད་དྲག་པོ་གཅོད་ངེས་ཡིན”ཞེས་གསལ་བསྒྲགས་བྱས་ཡོད། དེའི་རྗེས་ཀྱི་ལོ་ངོ་200ལྷག་གི་རིང་ལ། ཆིང་རྒྱལ་རབས་ཀྲུང་དབྱང་སྲིད་གཞུང་གིས་སྤྲུལ་སྐུའི་ཡང་སྲིད་91ངོས་འཛིན་བྱས་པ་དང་། དེའི་ཁྲོད་ནས་བླ་སྤྲུལ་76གསེར་བུམ་དཀྲུག་ནས་ངོས་འཛིན་བྱས་པ་དང་། བླ་སྤྲུལ་15ལ“གསེར་བུམ་དཀྲུག་མི་དགོས་པའི”དམིགས་བསལ་ཆོག་མཆན་གནང་བ་རེད། ཀྲུང་གོ་གསར་པ་དབུ་བརྙེས་རྗེས་དང་ལྷག་པར་དུ་སྒྱུར་བཅོས་སྒོ་འབྱེད་བྱས་པ་ནས་བཟུང་། ཏང་དང་སྲིད་གཞུང་གིས་ཆོས་ལུགས་ཀྱི་ཆོ་ག་དང་། ལོ་རྒྱུས་ཀྱི་ངེས་སྲོལ། བཅའ་ཁྲིམས་དང་ཁྲིམས་སྲོལ་བཅས་ལ་བརྩི་སྲུང་ཞུས་ནས་གསེར་བུམ་དཀྲུག་པ་དང་། ཀྲུང་དབྱང་སྲིད་གཞུང་གིས་ཆོག་མཆན་བཀོད་པ་དང་ཁྲི་གསོལ་བྱ་རྒྱུ་སྒྲིག་འཛུགས་བྱེད་པའི་ཐབས་ལ་བརྟེན་ནས་སྔ་རྗེས་སུ་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་དང་། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ། རྭ་སྒྲེང་སྐུ་ཕྲེང་བདུན་པ། སྡེ་དྲུག་སྐུ་ཕྲེང་དྲུག་པ་སོགས་ངོས་འཛིན་བྱས་པར་རྒྱ་ཆེའི་ཆོས་ལུགས་ལས་རིགས་མི་སྣ་དང་དད་ལྡན་མང་ཚོཌ་ཀྱི་གདེང་འཇོག་བཟང་པོ་ཐོབ་ཡོད། ཁྱད་དུ་འཕགས་པའི་ལམ་སྲོལ་གསར་འཛུགས་དང་། སྐབས་རིམ་བྱུང་གི་ལག་བསྟར། སྲིད་གཞུང་གིས་ཐོབ་ཐང་སྤྲོད་པ། དད་ལྡན་མང་ཚོགས་ཀྱིས་ཁས་ལེན་ཐོབ་པ། རྒྱལ་ཡོངས་ཀུན་གྱིས་སྲུང་སྐྱོང་། ཉིན་རེ་བཞིན་གནད་སྨིན་འཐུས་ཚང་དུ་འགྲོ་བ་བཅས་ཀྱི་སྤྲུལ་སྐུའི་ཡང་སྲིད་ལམ་ལུགས་ཆ་ཚང་འདི་ང་ཚོས་ངེས་པར་དུ་ལོ་རྒྱུས་ཀྱི་ཐོག་མའི་བསམ་འདུན་བརྟན་སྲུང་དང་། ཐོག་མཐའ་བར་གསུམ་དུ་རྒྱུན་འཛིན་ཡག་པོ། བརྟན་སྲུང་ཡག་པོ་བཅས་བྱེད་དགོས།
ཉེ་བའི་ལོ་ཤས་རིང་། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་ཀྱིས“རང་ངོས་ནས་ཡང་སྲིད་ངོས་འཛིན་བྱེད་པ”དང“མངའ་ཁོངས་ཕྱིར་ཡང་སྲིད་ངོས་འཛིན་བྱེད་པ”སོགས་ཀྱི་གཏམ་འཆལ་བཟོས་ནས་ཀྲུང་དབྱང་སྲིད་གཞུང་གི་ཆོག་མཆན་དབང་ཆ་ཁས་མི་ལེན་པ་དང་། བོད་བརྒྱུད་ནང་བསྟན་དང་མེས་རྒྱལ་གྱི་རྒྱུན་འཛིན་འབྲེལ་བ་གཅོད་པའི་རེ་ངན་བཅངས་པ་དང་། དེའི་བྱེད་སྤྱོད་ལ་ད་དུང་མངའ་ཁོངས་ཕྱིའི་ཕྱོགས་གཏོགས་ཁག་གཅིག་གི་རྒྱབ་སྐྱོར་ཐོབ་ནས་སྤྲུལ་སྐུའི་ཡང་སྲིད་ཀྱི་རྒྱུན་གཏན་སྒྲིག་ལམ་ལ་གཏོར་བཤིག་ཚབས་ཆེན་བཏང་བ་དང་། བོད་བརྒྱུད་ནང་བསྟན་གྱི་དད་ལྡན་མང་ཚོགས་ཀྱི་བརྩེ་སེམས་ལ་ཕོག་ཐུག་ཚབས་ཆེན་བཏང་ཡོད། སྤྲུལ་སྐུའི་ཡང་སྲིད་ཀྱི་གནད་དོན་ནི་སྔར་ནས་བཟུང་ཆོས་ལུགས་ཀྱི་ལས་དོན་འཁྲུལ་མེད་ཅིག་མིན་ལ། མི་སྒེར་གྱིས་བཤད་པར་ཆ་འཇོག་བྱེད་པའི་སྒེར་དོན་ཞིག་དེ་བས་ཀྱང་མིན་པར། བླ་སྤྲུལ་ཆེ་ཁག་གི་ཡང་སྲིད་ཐག་གཅོད་དབང་ཆ་ཀྲུང་དབྱང་སྲིད་གཞུང་ལ་ཡོད་པས་མི་སུ་འདྲ་ཞིག་གིས་ཀྱང་རང་དགར་ཐག་གཅོད་བྱེད་མི་ཆོག་པ་དང་ངེས་པར་དུ་རང་ཚུགས་རང་བདག་དང་རང་སྒྲུབ་ཀྱི་རྩ་དོན་གལ་ཆེན་མཐའ་འཁྱོངས་བྱེད་དགོས། ཆོས་ལུགས་ལས་རིགས་ཀྱི་འཐུས་མི་ཞིག་ཡིན་པའི་ངོས་ནས་ང་ཚོས་ངེས་པར་དུ་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ལོག་སྤྱོད་ཀྱི་ངོ་བོ་གསུམ་དང་ཁ་ཕྲལ་ཕྱོགས་གཏོགས་ཀྱི་ཆབ་སྲིད་ཀྱི་ལྐོག་གཡོ་གསལ་རྟོགས་ཐུབ་པར་བྱས་ཏེ། རང་རྟོགས་ངང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་དང་དབྱེ་མཚམས་གསལ་པོ་འབྱེད་པ་དང་། ཏཱ་ལ་དང་པཎ་ཆེན་སོགས་སྤྲུལ་སྐུ་ཆེ་གྲས་ངོས་འཛིན་བྱེད་སྐབས་རྩོད་ཐབས་འབྲལ་བའི་ཀྲུང་དབྱང་སྲིད་གཞུང་གི་མཐའ་མའི་ཐག་གཅོད་དབང་ཆར་བརྩི་བཀུར་མཐའ་གཅིག་ཏུ་ཞུས་ནས། མངའ་ཁོངས་ཕྱིའི་རྩ་འཛུགས་དང་མི་སྒེར་གང་རུང་ཞིག་གི་ཐེ་ཇུས་དང་བཀོད་པར་ཉན་འཇོག་བྱེད་མི་རུང་།
སླད་ཕྱིན་གུས་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་གྲྭ་བཙུན་ལ་བྱམས་བརྩེའི་ཐུགས་ཁུར་དང་མངཌ་བཅོལ་ཟབ་མོ་གནང་བ་བློ་ལ་བརྟན་པོར་བཅངས་ནས། 《བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་དོ་དམ་བྱ་ཐབས》བློ་བརྟན་འགྱུར་མེད་ངང་ལག་བསྟར་དོན་འཁྱོལ་བྱེད་པ་དང་། དེ་རིང་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གནང་བའི་གསུང་བཤད་ཀྱི་དགོངས་དོན་གཞིར་བཟུང་། རྒྱ་ཆེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཚོས་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ལམ་ལུཌ་ཀྱི་ལོ་རྒྱུས་ཀྱི་ངེས་སྲོལ་དང་། ཆོས་ལུཌ་ཀྱི་ཆོ་ག ཁྲིམས་ལུགས་ཁྲིམས་སྲོལ་བཅས་ལ་རྒྱུས་ལོན་གཏིང་ཟབ་ཐུབ་རྒྱུར་ཁྲིད་སྟོན་བྱ་རྒྱུ་དང་། རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་སྔར་བས་ཟབ་ཏུ་བཏང་ནས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ལོག་སྤྱོད་ཀྱི་ངོ་བོར་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱེད་པ་དང་། མངའ་ཁོངས་ཕྱིའི་རྩ་འཛུགས་དང་མི་སྒེར་གང་རུང་གིས“ཡང་སྲིད་ངོས་འཛིན་གྱི་གནད་དོན”བཟོ་རིགས་ལ་བཀག་འགོག་མཐའ་གཅིག་ཏུ་བྱས་ཏེ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱ་རྒྱུ་དང་། བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་རྒྱུན་འཛིན་ཐུབ་པ་དང་བོད་བརྒྱུད་ནང་བསྟན་སྤྱི་ཚོཌ་རིང་ལུཌ་ཀྱི་སྤྱི་ཚོཌ་དང་འཚམ་མཐུན་ཡོང་བར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན།
འབྲེལ་ཡོད་གསར་འགྱུར།