དབུ་ཤོག>བོད་ཀྱི་རིག་གནས།>ཆོས་ལུགས།
  • ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣའི་བཞུགས་མོལ་ཚོགས་འདུའི་ཐོག་གི་གཏམ་བཤད། (གནད་བསྡུས)

    རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ནས་དབྱི་སི་ལམ་ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་ཀྱི་ཡིན།

    ལྷ་སའི་དབྱི་སི་ལམ་ཕྱག་ཁང་ཆེན་མོའི་ཆོས་དཔོན། ཡ་གུ

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-31

    2025ལོ་ནི་སྤྱིར་བཏང་གཏན་ནས་མིན་པའི་ལོ་ཞིག་ཡིན་པ་དང་། ང་ཚོས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རླབས་ཆེན་གྱི་ལོ་རྒྱུས་ཀྱི་དུས་སྐབས་བསུས་ཤིང་། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་མཛད་སྒོར་ཕེབས་ནས་གསུང་བཤད་གལ་ཆེན་གནང་བ་དེ་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་གི་ཐེངས་དང་པོ་ཡིན། དེ་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་གང་ལེགས་མཚོན་ཡོད། བོད་ཀྱི་ཆོས་ལུགས་ལས་རིགས་ཀྱི་ཁོངས་མི་ཞིག་ཡིན་པའི་ངོས་ནས། གུས་པར་རྟེན་འབྲེལ་ཚོགས་ཆེན་ལ་ཞུགས་པའི་གོ་སྐབས་བྱུང་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆོས་ལུགས་ལས་རིགས་ཀྱི་རྒྱལ་གཅེས་མི་སྣའི་འཐུས་མིར་མཇལ་འཕྲད་གནང་སྐབས་དྲན་རྟེན་སྐུ་པར་རྒྱག་རྒྱུ་བྱུང་བས། དགའ་སྤྲོའི་ཚོར་སྣང་དེ་ནི་ཡུན་ནས་ཡུན་དུ་འཇགས་ཐབས་བྲལ་ཞིང་། རང་ཉིད་ཀྱིས་ཏང་དང་རྒྱལ་ཁབ་ལ་བཅངས་པའི་དྲིན་ཚོར་གྱི་བསམ་པ་སྔར་བས་ཟབ་ཏུ་ཕྱིན་པ་དང་། དབྱི་སི་ལམ་ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་གཏོང་བའི་གདེང་ཚོད་དང་ཆོད་སེམས་སྔར་བས་བརྟན་དུ་ཕྱིན་སོང་། དབྱི་སི་ལམ་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་ཞིག་ཡིན་པའི་ངོས་ནས། གུས་པས་དབྱི་སི་ལམ་ཆོས་ལུགས་ལས་རིགས་ཀྱི་མི་སྣ་ཡོངས་དང་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆོས་ལུགས་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་བོད་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་རྒྱུ་མ་ཟད། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་ཚུད་པའི་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་བཅངས་པའི་བརྩེ་སེམས་ཟབ་མོ་བློ་ལ་བརྟན་པོར་བཅངས་ཁར། ཏང་ཀྲུང་དབྱང་དང་། སྤྱི་ཁྱབ་ཧྲུའུ་ཅི། རླབས་ཆེན་གྱི་དུས་རབས་བཅས་ལ་དྲིན་ཚོར་གྱི་བསམ་པ་བཅངས་ནས“ཚད་གཞི་བཞི”སྔར་བས་ལག་ལེན་བསྟར་ཏེ། “འདུ་ཤེས་གསུམ”བརྟན་དུ་གཏོང་བ་དང“མོས་སེམས་ལྔ”ཟབ་ཏུ་གཏོང་བ། ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བ། རང་རྟོགས་ངང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་། བྱ་སྤྱོད་ངོ་མའི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་དང་བྱམས་སྐྱོང་ལ་དྲིན་ལན་འཇལ་བ་བཅས་བྱེད་ཀྱི་ཡིན།

    དབྱི་སི་ལམ་ཆོས་ལུགས་རང་རྒྱལ་དུ་དར་བ་ནས་བཟུང་། སྣེ་མང་རིག་གནས་ལྡན་པའི་ས་མཐོར་ལོ་ངོ་བརྒྱ་ཕྲག་ཁ་ཤས་རིང་ཀྲུང་ཧྭའི་རིག་གནས་ཀྱི་ཤུགས་རྐྱེན་བཟང་པོ་ཐེབས་པ་བརྒྱུད་ཞི་མཐུན་མཉམ་གནས་དང་མཉམ་འདྲེས་གཏིང་ཟབ་བྱུང་ཡོད། བོད་ཀྱི་མུའུ་སི་ལིན་མང་ཚོགས་ཀྱིས་སྐད་ཆ་ནི་བོད་སྐད་དང་། ཟ་རྒྱུ་ནི་རྩམ་པ། འཐུང་རྒྱུ་ནི་ཇ་བསྲུབས་མ་རེད། མཉམ་འདྲེས་དེ་རིགས་ནི་སྟབས་བདེའི་རིག་གནས་རྩེག་སྣོན་ཙམ་མ་ཡིན་པར། ཕན་ཚུན་བསམ་ཤེས་བྱེད་པའི་རྨང་གཞིའི་ཐོག་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་བྱུང་བ་ལས་དབྱི་སི་ལམ་ཆོས་ལུགས་ཀྱི་དད་མོས་ཀྱི་རང་གཤིས་མངོན་ཡོད་ལ་ཀྲུང་གོའི་ཁྱད་ཆོས་ཀྱང་མངོན་ཡོད། དེ་ནི་དབྱི་སི་ལམ་ཆོས་ལུགས་ཀྲུང་གོ་ཅན་དང་ས་གནས་ཅན་གྱི་ཞིབ་ཕྲའི་མཚོན་ཚུལ་ཞིག་རེད།

    མིག་སྔར་རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཁྲོད“ཁྲིམས་སྲོལ་སློབ་སྦྱོང་དང་། འདུལ་ཁྲིམས་གཙང་སྲུང། སྒོམ་སྒྲུབ་ལ་མཐོང་ཆེན། སྤྱོད་ཚུལ་ལེགས་སྐྱོང”གི་སློབ་གསོའི་བྱེད་སྒོ་སྤེལ་བཞིན་ཡོད་པ་དང་། ལྷག་པར་དུ་རྒྱལ་ཡོངས་ཀྱི་ཆོས་ལུགས་ཚོགས་པ་ཁག་གིས་མཉམ་འབྲེལ་ཐོག“གྲོན་ཆུང་ལ་མཐོང་ཆེན་དང་རྒྱས་སྤྲོས་སྤོང་བ་དང་། དད་སྦྱོར་ཡང་དག”ཅེས་པའི“གྲོས་འགོ་ཁག་བདུན”བཏོན་ཡོད། ང་ཚོས་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གོ་རིམ་ལྡན་པའི་སྒོ་ནས་ལྷ་སའི་དབྱི་སི་ལམ་ཆོས་ལུགས་ཀྱི་ཕྱོགས་ཡོངས་ནས་ཆོས་ལུགས་ནན་སྐྱོང་གི་སློབ་གསོ་སྤེལ་བཞིན་ཡོད།

    བྱང་སྐར་སྤུན་བདུན་གྱི་ལམ་སྟོན་ཇི་བཞིན་བསྐྱོད་ན་ལམ་ནོར་ཐེབས་མི་སྲིད་པ་དང་གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཐོབ་ངེས་རེད། ང་ཚོས་དེ་རིང་གི་བཞུགས་མོལ་ཚོགས་འདུ་གོ་སྐབས་སུ་བྱས་ནས་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་སྒུལ་ཤུགས་སུ་བྱས་ཏེ། རྒྱལ་གཅེས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་རྒྱུ་གཙོ་རྐང་དུ་བྱས་ཏེ་རྒྱལ་གཅེས་ཆོས་གཅེས་དང་། མཐུན་སྒྲིལ་ཡར་ཐོན། སྤྱི་ཚོགས་ལ་ཞབས་འདེགས། ཞི་མཐུན་བསྟུན་མཁས་བཅས་ཀྱི་སྲོལ་རྒྱུན་བཟང་པོ་མུ་མཐུད་དར་སྤེལ་བཏང་ནས། རང་རྟོགས་ངང་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པའི་ཆུ་ཚད་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། རང་ངོས་དོ་དམ་གྱི་ཆུ་ཚད་མཐོ་རུ་བཏང་ནས་དད་ལྡན་མང་ཚོགས་ཀྱིས་མེས་རྒྱལ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་བཅས་སྲུང་སྐྱོང་བྱེད་པར་ཁྲིད་སྟོན་དེ་བས་ལེགས་པ་བྱས་ཏེ་མཐུན་སྒྲིལ་དང་། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་གྱི་ཡིན།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།