དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • མཐོ་སྒང་གི་གླུ་མ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  སྙན་རྐང་གླིང་།   |     སྤེལ་དུས།  2025-12-28

    ཞལ་རས་ཆུ་སྐྱེས་ཀྱི་དཔལ་ཡོན། །

    མི་ཚོགས་གར་སྟེགས་ནས་ངོམས་སོང་། །

    མགྲིན་བཟང་ཁུ་བྱུག་གི་དབྱངས་རྟ། །

    མི་ཚོའི་རྣ་དབང་དེ་གསོས་འདུག །


    ཡིད་འོང་འཛུམ་ཞལ་དེ་མཚར་ཞིང་། །

    དམའ་བའི་གཤིས་ཀ་རེ་སྟོན་བཞིན། །

    ཁྲོམ་ཆེན་གར་སྟེགས་ཀྱི་དབུས་ནས། །

    གླུ་ཡི་མཆོད་པ་ཞིག་བཤམས་སོང་། །


    གླུ་གར་རྒྱ་མཚོ་ཡི་ཀློང་ནས། །

    མཛེས་མའི་རྣམ་པ་རེ་མཐོང་ལ། །

    སྙན་པའི་གྲེ་འགྱུར་གྱི་ངག་གིས། །

    མི་ཚོགས་ཡིད་དབང་ནི་བཀུག་འདུག །


    གསར་སྐྱེས་གླུ་མ་ཞིག་ཡིན་ཡང་། །

    གླུ་དབྱངས་ལེན་པ་ལ་མཁས་ཤིང་། །

    ཞལ་རས་པད་མ་ཡི་རང་མདངས། །

    མཐོ་སྒང་གཞས་མ་ཁོང་མཚར་བ། །


    ཞལ་སྒོ་མཛེས་པ་ཡི་ལང་ཚོས། །

    ཕོ་བརྒྱའི་ཡིད་དབང་ནི་བཀུག་ཅིང་། །

    རྣ་བར་འཇེབས་པ་ཡི་གྲེ་འགྱུར། །

    འཇོལ་མོའི་གསུང་དང་ནི་འགྲན་ནུས། །

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།