དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ཨ་མ་ཡོད་ས་ན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  སྨྱུག་སོན་ནོར་སངས།   |     སྤེལ་དུས།  2025-12-28

    ཨ་མ་ཡོད་ས་ན། ཕྲག་དོག་དང་ཞེ་སྡང་མེད། ཨ་མ་ཡོད་ས་ན། བརྣབ་སེམས་དང་གནོད་སེམས་མེད། ཨ་མ་ཡོད་ས་ན། རྡོ་ཁང་གྲུ་བཞིའི་དྲོད་ཁོལ་ཡོད། ཨ་མ་ཡོད་ས་ན། འབྲུ་དྲུག་སྙེ་མའི་དྲི་ཞིམ་ཡོད། ཨ་མ་ཡོད་ས་ན། སྦྲང་དཀར་རྩམ་པའི་ཟས་བཅུད་ཡོད།

    ཨ་མ་ཡོད་ས་ན། དགོད་སྒྲ་ལ་མཐའ་མེད། ཨ་མ་ཡོད་ས་ན། བདེ་སྐྱིད་ལ་མུ་མེད། ཨ་མ་ཡོད་ས་ན། སྨྲ་བ་ལ་ཚད་མེད། ཨ་མ་ཡོད་ས་ན། ཕྲག་དོག་གི་མེ་ལྕེ་གྱེན་དུ་འབར་མི་སྲིད། ཨ་མ་ཡོད་ས་ན། ཞེ་སྡང་གི་དུག་ཆུ་ལྷོག་ལྷོག་ཏུ་འཁོལ་མི་སྲིད། ཨ་མ་ཡོད་ས་ན། ངན་ཇུས་ཀྱི་སྤྲིན་ནག་ལང་ལོང་དུ་འཁྲིགས་མི་སྲིད།

    མགོ་བོ་མཐོན་པོ་དེ་ཨ་མས་བསྩལ། ལྟོ་གོས་གཏམ་གསུམ་ཨ་མས་སྦྱར། བསླབ་བྱ་ཚིག་གསུམ་ཨ་མས་གནང་། དེའི་ཕྱིར། ཨ་མ་གཡང་གི་མཛོད་ཡིན། ཨ་མ་སེམས་ཀྱི་ཁྱིམ་ཡིན། ཨ་མ་ཁྱིམ་གྱི་དངོས་གྲུབ་ཡིན།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།