དྲིན་གྱི་ཞེན་ཆགས་མཐུག་པའི་སྐྱེས་ཆེན།
བརྩེ་བའི་ཞག་གྲངས་ཁྲི་མ་འབུམ་གྱིས་ངལ་བའི་ཁུར་ཆེན་རྒྱབ་ཏུ་ཁྱེར། །
བརྩེ་སེམས་རྣམ་དག་བྱམས་པས་ཟིན་ཞིང་འདས་མ་ད་ལྟའི་སྣང་བ་ཆགས། །
བརྩེ་ཞེན་རིང་མོ་བུ་ལ་འཁོར་བཞིན་ཞི་བའི་ངག་གིས་ལམ་སྟོན་གནང་། །
བརྩེ་ལྡན་ཡབ་ཆེན་རྒྱབ་རི་སྨུག་པོ་བུ་ཡི་མི་ཚེའི་བསོད་ནམས་རེད། །
བརྩེ་ཞེན་ནང་ནས་ལྷག་ཏུ་འཕགས་པ་ཚེ་འདིའི་ཨ་ཕ་ཁྱེད་རང་ཡིན། །
བརྩེ་གུས་གཉིས་ཀའི་ཁྱད་ཆོས་ལྡན་པ་དྲིན་གྱི་བདག་པོ་ཁྱེད་རང་སྟེ། །
བརྩེ་བའི་མིག་ཟུང་བུ་ལ་འཁོར་བ་ཨ་མ་ཁྱེད་གཉིས་ཤིན་ཏུ་བཟང་། །
བརྩེ་ཞིང་དུངས་བའི་ཕ་ལོ་དྲིན་ཆེན་ལོ་རྒན་དྲུག་ཅུ་སོན་པར་ཡག །
བརྩེ་བ་ཡོད་རྒུ་ང་ཚོར་གནང་ཞིང་ཁྱིམ་འདིའི་སླད་དུ་གང་སར་ཉུལ། །
བརྩེ་ལྡན་མིང་ཅན་ཡིད་དུ་འོང་ཞིང་བརྩེ་བའི་དམ་ཚིག་རབ་ཏུ་མཛེས། །
བརྩེ་ཞིང་བརྩེ་བའི་ཨ་ཕ་མཆོག་ལ་སྙིང་ནས་བཀའ་དྲིན་ལན་བརྒྱར་ཞུ། །
བརྩེ་བ་བརྟན་པའི་ཕ་ལོ་དྲིན་ཆེན་ལོ་རྒན་དྲུག་ཅུ་སླེབས་པར་དགའ། །
བརྩེ་བ་འགྱུར་མེད་གཡུང་དྲུང་ཚིག་ལ་བདེ་ལེགས་རི་མོའི་རེ་ཁ་བཀྲ །
བརྩེ་བ་རྟག་བརྟན་རྡོ་རྗེ་ཇི་བཞིན་སྲ་ཞིང་མི་འགྱུར་ཡུན་དུ་བཞུགས། །
བརྩེ་བ་གཙང་མ་ང་ཚོར་གནང་མཁན་ཨ་ཕ་མཆོག་དང་ཨ་མ་གཉིས། །
བརྩེ་བའི་རླབས་རིས་བུ་ལ་གནང་བཞིན་ཚེ་ལོ་བརྒྱ་ལ་ཐུབ་པར་སྨོན། །
འབྲེལ་ཡོད་གསར་འགྱུར།