རང་གི་ཆེད་དུ་འཚོ་བ་སྐྱེལ་དགོས།
མི་ཚེ་ནི་ཁྱེད་རང་ཉིད་ཀྱི་འགྲུལ་བཞུད་ཡིན་པ་ལས་གཞན་གྱི་རེ་སྒུག་གི་ཞིབ་ཐོ་མིན།
དེང་གི་སྤྱི་ཚོགས་སྟེང་། མི་མང་ཆེ་བ་ཞིག་མི་གཞན་གྱི་རེ་སྒུག་གི་བཙོན་ཁང་ནང་དུ་འཚོ་བཞིན་ཡོད། མི་གཞན་གྱི་མིག་ལམ་དང་རྣམ་འགྱུར་ཐོག་ནས་རང་ཉིད་ལ་མཚན་ཉིད་འཇོག་པ་དང་གདེང་འཇོག་བྱེད་བཞིན་ཡོད། འོན་ཀྱང་། མི་གཞན་གྱི་རེ་སྒུག་ནི་གཟུགས་མེད་གྱི་ལྕགས་ཐག་དང་འདྲ་བར་རྒྱུན་དུ་སྣང་མེད་སྒོས་ཁྱེད་ཀྱི་རྣམ་ཤེས་ལ་ཚོད་འཛིན་བྱེད། ཁྱེད་ལ་རང་ཉིད་ལ་ཁས་ལེན་བྱེད་པའི་སྤོབས་པ་མེད་པ་སྟེ། “ལས་ཀ་བརྟན་པོ་ཨེ་ཡོད” “གཉེན་སྒྲིག་བྱེད་རན་པའི་ན་ཚོད་ལ་སླེབས་སོང” “ལས་ཀའི་གྲུབ་འབྲས་གང་འདྲ་ཡོད”སོགས་ཀྱི་སྒྲོམ་གཞིའི་ཉ་དྲར་ཚུད་དེ། “ང་ལ་ཡང་སྙིང་ཅི་ཞིག་དགོས”ཞེས་པའི་དོགས་སློང་ནུས་པ་རིམ་བཞིན་ཤོར་བཞིན་ཡོད། འོན་ཀྱང་། ཁྱེད་ཀྱི་ཤེས་དགོས་པ་ནི་ཚད་གཞི་དེ་དག་ཡང་དག་པ་ཡིན་མིན་ངེས་པ་མེད་དེ། མི་མང་ཆེ་བས་གདམ་གསེས་བྱས་པ་ཙམ་རེད།
ལས་ཀའི་ངོ་བོ་ནི་རིན་ཐང་བརྗེ་རེས་ཙམ་ལས་བརྩེ་དུང་བཅོལ་སའི་གྲུ་ཁ་མིན། ཁྱེད་ཀྱི་རིན་ཐང་ནི་ལས་ཀའི་གྲུབ་འབྲས་ཀྱིས་ཐག་གཅོད་བྱེད་མི་ཐུབ། སྦྱིན་བདག་དང་ལས་རོགས་ཀྱི་རྣམ་འགྱུར་དབྱར་ཁའི་གནམ་གཤིས་ལ་བརྩིས་ན་འགྲིག་པས། ཁྱེད་ཀྱི་མདུན་སྐྱོད་ཁ་ཕྱོགས་ལ་འགྱུར་ལྡོག་གཏོང་མི་དགོས།
ཕ་མའི་བརྩེ་བ་ནི་མ་གཞི་ནས་གྲུ་ཁ་ཡིན་དགོས་པ་ལས་ལྕགས་སྒྲོག་ཏུ་འགྱུར་མི་འོས། ཁོ་ཚོ་སྐྱོད་སའི་ལམ་ནི་ཁྱེད་ཀྱང་ངེས་པར་དུ་སྐྱོད་དགོས་སའི་ཁ་ཕྱོགས་མིན། ཁྱེད་ལ་རང་ཉིད་ཀྱི་འགྲོ་ལམ་འདེམས་པའི་དབང་ཆ་ཡོད། གལ་ཏེ་ལམ་འདི་ཁོ་ཚོས་བསམས་མ་མྱོང་བའི་ལམ་ཞིག་ཡིན་ནའང་ཁྱེད་རང་དགའ་པོ་ཡོད་ཚེ་ལམ་འདི་འདེམས་རོགས།
སེམས་ཁམས་རིག་པས་ཞིབ་འཇུག་བྱས་པར་གཞིགས་ན། མི་རྣམས་ཀྱི་བྱ་སྤྱོད་དང་རང་ཉིད་ཀྱི་བསམ་ཚུལ་ངོ་མ་གཅིག་མཐུན་ཡིན་ཚེ། སྐྱིད་སྣང་གི་ཚོར་བ་དེ་བས་ཆེ་བ་ཡོད་ཟེར། ཁྱེད་རང་ཉིད་ཀྱི་ཆེད་དུ་གསོན་རྒྱུ་ནི་འགན་འཁྲི་ལ་གཡོལ་བ་མིན་པར། དེ་ནི་རང་འགུལ་ངང་རང་ཉིད་ཀྱི་འགན་འཁུར་སྟངས་འདེམས་པ་ཡིན། རྒྱུ་མཚན་ནི་ཚེ་སྲོག་ནི་བརྐོས་མེད་པའི་གཡང་ཊི་ཞིག་དང་འདྲ་བས། བརྐོས་རྒྱག་མཁན་མང་ཡང་། ཇི་སྲིད་བར་དུ་རྩ་ཆེ་བ་ནི་དེའི་ཐུན་མོང་མ་ཡིན་པའི་རང་བྱུང་གི་མཛེས་པ་ཡིན།
འབྲེལ་ཡོད་གསར་འགྱུར།