གྲོང་སྡོད་ལས་དོན་གྱི་གློག་བརྙན་ཐུང་གྲས《སྤྲིན་འོག་གི་གསར་བརྗེའི་གདོང་ལེན་པ》པར་ལེན་བྱས་ཟིན་པ།
ཉེ་ཆར། ཀྲུང་གུང་ཆབ་མདོ་གྲོང་ཨུད་རྩ་འཛུགས་པུའུ་ཡིས་སྒྲིག་བཟོ་བྱས་པའི་གྲོང་སྡོད་ལས་དོན་བརྗོད་དོན་གཙོ་བོའི་གློག་བརྙན་ཐུང་གྲས《སྤྲིན་འོག་གི་གསར་བརྗེའི་གདོང་ལེན་པ》ཞེས་པ་དེ་ཁ་རུབ་ཆུས་ཀརྨ་ཤང་གླིས་ཐོག་གྲོང་ཚོར་པར་ལེན་ལས་དོན་ལེགས་གྲུབ་ཟིན་པ་རེད།
གཞི་རིམ་བཅོས་སྐྱོང་ལ་དམིགས་པའི་བརྩམས་ཆོས་ཤིག་ཡིན་པའི་ངོས་ནས། 《སྤྲིན་འོག་གི་གསར་བརྗེའི་གདོང་ལེན་པ》ཡིས“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”གྱི་བྱེད་སྒོ་གཞི་རྟེན་དུ་བྱས་ཏེ། གཞི་རིམ་འཐབ་ས་དང་པོའི་གྲོང་སྡོད་ལས་བྱེད་པའི་ཚོགས་སྤྱིར་དམིགས་ཏེ། གྲོང་སྡོད་ལས་བྱེད་པ་གྲོང་ཚོར་སླེབས་མ་ཐག་པའི“ཕྱི་མི”ནས་མང་ཚོགས་ཀྱིས་བློས་འགེལ་ཆོག་པའི“ནང་མིར”འགྱུར་ལུགས་གཙོ་གནད་ཐོག་མཚོན་པར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།