དབུ་ཤོག>བོད་ཀྱི་རིག་གནས།>བོད་ལྗོངས་སྒྱུ་རྩལ།
  • “ཡར་ཀླུང་གི་རོང་ས། མཛེས་མཐུན་གྱི་འཕྱོངས་རྒྱས”སྙན་ངག་འགྲན་བསྡུར་ཆེན་པོའི་བྱ་དགའ་སྤྲོད་པའི་མཛད་སྒོ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-18

    ཉེ་ཆར། “ཡར་ཀླུང་གི་རོང་ས། མཛེས་མཐུན་གྱི་འཕྱོངས་རྒྱས”སྙན་ངག་འགྲན་བསྡུར་ཆེན་པོའི་བྱ་དགའ་སྤྲོད་པའི་མཛད་སྒོ་ལྷ་སར་འཚོགས་ཤིང་། ད་ཐེངས་ཀྱི་སྙན་ངག་འགྲན་བསྡུར་ཆེན་པོ་དེ་ད་ལོའི་ཟླ་7པར་འགོ་ཚུགས་པ་དང་། ཟླ་9པར་སྙན་ངག་གི་བརྩམས་ཆོས་བསྡུ་མཇུག་འགྲིལ་ཏེ། ཁྱོན་བསྡོམས་རྒྱལ་ཡོངས་ས་གནས་ཁག་གི་འགྲན་ཞུགས་བརྩམས་ཆོས་ཁག་1556འབྱོར་ཡོད། རིགས་གཅིག་མཁས་ཅན་དཔྱད་ཞིབ་ཚོགས་པས་དཔྱད་འདེམས་ཐེངས་མང་བྱས་པ་བརྒྱུད། མཐར་བྱ་དགའ་རིམ་པ་དང་པོ་1དང་། བྱ་དགའ་རིམ་པ་གཉིས་པ་2 བྱ་དགའ་རིམ་པ་གསུམ་པ་10 དེ་བཞིན་ཕུལ་བྱུང་བྱ་དགའ་འགའ་ཞིག་བཅས་བདམས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོ་དེ་ནི་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ཨུད་དང་རྫོང་མི་དམས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་། བྱ་དགའ་ཐོབ་པའི་བརྩམས་ཆོས་ཚང་མ《བོད་ལྗོངས་རྩོམ་རིག》གི“འཕྱོངས་རྒྱས་དུས་དེབ་འཕར་མའི”ཐོག་གཅིག་སྡུད་འགོད་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།