དབུ་ཤོག>བོད་ཀྱི་རིག་གནས།>བོད་ལྗོངས་སྒྱུ་རྩལ།
  • ཀོང་ཡུལ་གྱི་དབྱངས་རྟ། རེ་མའི་རོལ་དབྱངས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-16

    ཉེ་ཆར། བོད་ལྗོངས་ཟློས་གར་ཁང་ཆེ་མོར་རེ་མ་དཀྲོལ་གཏོང་གི་སྒྲ་ལས་ཉིང་ཁྲི་གྲོང་ཁྱེར་གྱི་ལོ་30ཙམ་དཀྲོལ་མཁན་དཀོན་པའི་རེ་མར་ཡང་བསྐྱར་གསོན་ཤུགས་རྒྱས། 2025ལོའི“སྐལ་བཟང་མེ་ཏོག”འཁྲབ་སྟོན་དུས་ཚིགས་ཏེ“ཀོང་ཡུལ་གྱི་དབྱངས་རྟ། རེ་མའི་རོལ་དབྱངས”ཞེས་པའི་རེ་མའི་ཆེད་དོན་འཁྲབ་སྟོན་བོད་ལྗོངས་ཟློས་གར་ཁང་ཆེ་མོར་གཉེར་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། “རེ་མར”ཉིང་ཁྲི(ཀོང་པོ་ས་ཁུལ)རུ་ལོ་ངོ་1200ཙམ་གྱི་ལོ་རྒྱུས་ལྡན་ཡང་། རྒྱུ་མཚན་སྣ་ཚོགས་ཀྱིས་རྐྱེན་པས་དུས་སྐབས་ཤིག་རིང་སྟོངས་ཉེར་གྱུར། ཉིང་ཁྲི་གྲོང་ཁྱེར་མི་རིགས་སྒྱུ་རྩལ་ཚོགས་པས་ལོ་3ཙམ་སྤྱད་དེ“རེ་མའི”ལོ་རྒྱུས་དང་གཏམ་རྒྱུད་སྔོག་འདོན་བྱས་ཤིང་། རོལ་ཆ་དེ་ཉིད་རང་སྐྱོང་ལྗོངས་ཀྱི་2024ལོའི་ལོ་འཁོར་གྱི་རིག་རྩལ་གསར་རྩོམ་རོགས་སྐྱོར་རྣམ་གྲངས་ལ་ཚུད་པ་དང་། འདི་ནི་འཁྲབ་སྟོན་བྱ་ཡུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།