གློག་བརྙན《རྒྱང་རིང་གི་བུ་རོགས་གངས་རི》ཟླ་12ཚེས་16ཉིན་རྒྱལ་ཡོངས་སུ་བསྟན་རྒྱུ་ཡིན་པ།
ཉེ་ཆར། བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་། ཀྲེ་ཅང་ཞིང་ཨུད་དྲིལ་བསྒྲགས་པུའུ། ནག་ཆུ་གྲོང་ཨུད་དྲིལ་བསྒྲགས་པུའུ་བཅས་ཀྱིས་མཉམ་དུ་པར་ལེན་སྒྲིག་བཟོ་བྱས་པའི་གློག་བརྙན《རྒྱང་རིང་གི་བུ་རོགས་གངས་རི》གློག་བརྙན་ཁང་དུ་སྟོན་པའི་དུས་ཚོད་གཏན་འཁེལ་གྱི་མཛད་སྒོ་ལྷ་སར་གཉེར་ཞིང་། གློག་བརྙན་དེ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་ཕྱག་རྟགས་སུ་ཕུལ་བའི་གློག་བརྙན་ཞིག་རེད་ལ། བྱང་ཐང་གི་ས་བབ་སྨི་5000གི་སར་འཁྲབ་པའི་གཏམ་རྒྱུད་རིགས་ཀྱི་གློག་བརྙན་ཐོག་མ་དེའང་རེད། གློག་བརྙན་པར་ལེན་བྱེད་སའི་ས་བབ་མཐོ་ཤོས་ལ་སྨི་5800ཙམ་ཟིན་ཞིང་། དེ་ནི་གློག་བརྙན་ལག་རྩལ་ལ་འཕྲད་པའི་འགྲན་སློང་ཆེན་པོ་ཞིག་རེད། གློག་བརྙན་དེ་ཟླ་12ཚེས་16ཉིན་རྒྱལ་ཡོངས་སུ་བསྟན་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།