དབུ་ཤོག>བོད་ཀྱི་རིག་གནས།>བོད་ལྗོངས་སྒྱུ་རྩལ།
  • བོད་སྐྱོར་ལོ་ངོ་30ཡི་གཙོ་གནད་ལེགས་སྐྱེས་གློག་བརྙན།

    《བོད་རོགས་པའི་གཏམ་རྒྱུད》ཟླ་12ཚེས་18ཉིན་རྒྱལ་ཡོངས་སུ་བསྟན་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-07

    རྒྱལ་ཁབ་ཀྱི་བོད་སྐྱོར་ལོ་ངོ་30ཡི་གཙོ་གནད་ལེགས་སྐྱེས་གློག་བརྙན《བོད་རོགས་པའི་གཏམ་རྒྱུད》2025ལོའི་ཟླ་12ཚེས་18ཉིན་རྒྱལ་ཡོངས་སུ་བསྟན་རྒྱུ་ཡིན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། གློག་བརྙན་དེར་བོད་སྐྱོར་གྱི་ལོ་རྒྱུས་དང་མི་སྣའི་གཏམ་རྒྱུད་དངོས་རྒྱབ་ལྗོངས་སུ་བྱས་ཏེ། བོད་སྐྱོར་ལས་བྱེད་ཤེས་ལྡན་པས་གཅིག་རྗེས་གཉིས་མཐུད་དང་རྒྱུན་མཐུད་འབད་འཐབ་བྱེད་པའི་ལོ་རྒྱུས་བརྗོད་ཡོད་ཅིང་། གློག་བརྙན་པར་ལེན་ཚོགས་པ་བོད་ཤར་མུ་ཏིག་ཆབ་མདོ་རུ་བསྐྱོད་དེ། ར་འོག་མཚོའི་དྭངས་གཙང་དང་། གངས་རི་དང་འཁྱགས་རོམ་གྱི་བརྗིད་ཆགས། བོད་ཀྱི་གྲོང་ཚོའི་གནའ་ཉམས་དང་བབ་ཆགས་བཅས་པར་ལེན་བྱས་ཡོད། གློག་བརྙན་དེས་ས་གནས་དེ་གའི་མང་ཚོགས་འབོར་ཆེན་འཁྲབ་མིར་བསྡུས་པ་མ་ཟད། ད་དུང་བོད་སྐྱོར་ལས་བྱེད་པ་ཡང་འཁྲབ་སྟོན་ལ་གདན་དྲངས་ཤིང་། ཁོང་ཚོས་ས་མཐོར་དཀའ་སྤྱད་འབད་འབུངས་བྱས་པའི་དྲན་ཤེས་དང་གཞི་རིམ་ལ་རྩ་བ་ཚུགས་པའི་བརྟན་སྲུང་གི་སྙིང་སྟོབས་ལ་བརྟེན་ནས་གློག་བརྙན་གསར་རྩོམ་ནང་ཞུགས་པས། རོགས་སྐྱོར་གྱི་དོན་དག་རེ་རེ་དང་འགག་སྒྲོལ་རེ་རེ་ཚང་མར་དྲོད་འཁོལ་གྱིས་ཁེངས་པ་དང་། མི་སེམས་གཡོ་བར་བྱེད་པའི་ཁྱད་ཆོས་ཡོད་ཅིང་། ལྟད་མོ་བ་ཚོས་གློག་བརྙན་ནང་གི་མི་སྣའི་དགའ་སྐྱོ་མཉམ་དུ་ཚོར་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།