དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ཕ་ཡུལ་གཡུ་ཡི་ལུང་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཁ་བ་ན་རོ།   |     སྤེལ་དུས།  2025-12-02

    ས་མཛེས་ཤིང་སྡུག་པའི་ཕ་ཡུལ་ན། །

    གུར་ཆེ་ཆུང་གཉིས་ཀ་ཁྲ་ལམ་ལམ། །

    སྐྱིད་ཁང་གསར་སྒེའུ་ཁུང་འོད་འཚེར་འཚེར། །

    རྩྭ་ལྗང་ལོའི་མགོ་ལྕོག་ལོས་ལྡེམ་ལྡེམ། །

    ཤིང་ཤུག་པའི་དྲི་ཞིམ་ཐུ་ལུ་ལུ། །

    གནས་ཕ་ཡུལ་གཡུ་ཡི་ལུང་པ་ན། །

    ཆུ་གཙང་པོའི་བཞུར་རྒྱུན་དྭངས་ཁྲུམ་ཁྲུམ། །

    ལུག་གཡང་དཀར་འབའ་སྒྲ་སྙན་ལྷང་ལྷང་། །

    འབྲི་ཐུལ་མའི་ངུར་སྐད་ངུར་རུ་རུ། །

    དེ་འཚོ་བའི་རྫི་བོ་འཛུམ་དམུལ་དམུལ། །

    སྐྱིད་ཕུན་སུམ་ཚོགས་པའི་ཕ་ཡུལ་ན། །

    དབྱར་དགའ་སྟོན་འདུ་འཛོམས་འུར་ཐིང་ཐིང་། །

    སྡེ་ཁྲོམ་ཆེན་དགོད་སྒྲ་དི་རི་རི། །

    སེམས་རང་མཐུན་སྙིང་གྲོཊ་དལ་ལྷོད་ལྷོད། །

    སྐྱེས་ཕོ་གཞོན་མོ་གཞོན་སྐྱིད་ལྷང་ལྷང་། །

    གཡང་མཚོ་མོ་འཁྱིལ་འདྲའི་ཕ་ཡུལ་ན། །

    དཀར་འོ་མ་སྣོད་ན་ལྟེམ་ཤག་ཤག །

    བཅུད་ཆེ་བའི་འབྲི་མར་སེར་ཁྲིག་ཁྲིག །

    བྲོ་ཞིམ་པའི་འབྲི་ཞོ་དཀར་ཤག་ཤག །

    ཟས་མཆོག་གྱུར་ཤ་ཚིལ་སྣུམ་ཚིལ་ཚིལ།

    ཡུལ་ཁྱད་འཕགས་ཅན་གྱི་ཕ་ཡུལ་ན། །

    ནོར་ལོངས་སྤྱོད་གཅིག་ལས་གཅིག་རྒྱས་རྒྱས། །

    དྲང་ལྷད་མེད་མི་གཤིས་མདའ་འདྲོང་འདྲོང་། །

    ལུཊ་ཚུལ་མཐུན་སྲོལ་བཟང་རབ་དར་དར། །

    དགེ་གཞན་ཕན་ལྷག་བསམ་ཡོད་ཤག་ཤག །

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།